འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ཡོམ་འགོག་རིམ་པ་མཐོ་ཤོས་ཀྱི་དམིགས་བསལ་མཐོ་གནོན་
    ཐད་རྒྱུག་ལས་གྲྭ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ཡོམ་འགོག་རིམ་པ་མཐོ་ཤོས་ཀྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སྟེ། ཡུན་ནན་ནུབ་བྱང་ནས་ཀོང་ཏུང་བར་གྱི་ཆན་ཧྥུའུ±800ཡི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭས་གློག་ཁྱོན་ཡོངས་ནས་གཏོང་འགོ་ཚུགས་པ་དང་། ལས་གྲྭ་དེ་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་དྭངས་གཙང་ཆུ་གློག་ཏུའུ་དུང་ཕྱུར་200གཏོང་ཐུབ་པ་དེས་ཧྲེན་ཀྲེན་གྲོང་ཁྱེར་གྱི་ལོ་རེའི་གློག་སྤྱོད་ཚད་ཀྱི་བཞི་ཆ་གཅིག་ཙམ་ཟིན་གྱི་ཡོད་པ་རེད།
         ལས་གྲྭ་དེ་ནི་ལྷོ་ཕྱོགས་གློག་དྲའི་ཆེས་མཐོ་གནོན་གྱི་གློག་གཏོང་ཀུང་སིས་འཛུགས་སྐྲུན་དང་དོ་དམ་གྱི་འགན་འཁུར་བ་དང་། ནུབ་ཡུན་ནན་ཞིང་ཆེན་ཏ་ལི་ཀྲོའུ་ཅན་ཁྲོན་རྫོང་ནས་ཡུན་ནན་དང་། ཀུའེ་ཀྲོའུ། ཀོང་ཤིས། ཀོང་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་བསྒྲལ་ཡོད་པ་དང་གློག་སྐུད་རིང་ཚད་བསྡོམས་སྤྱི་ལེ་1953ཙམ་ཡོད། དེ་ནི་ནུབ་གློག་ཤར་གཏོང་གི་གློག་ཧྲེན་ཀྲེན་དུ་བཏང་བའི་དམིགས་བསལ་གྱི་མཐོ་གནོན་ཐད་རྒྱུག་ལས་གྲྭ་ཐོག་མ་ཡིན་པ་དང་། ལག་རྩལ་ཐད་ནས་ས་བབ་མཐོ་བ་དང་ས་ཡོམ་རྒྱག་ཤུགས་ཆེ་བ་སོགས་ཀྱི་འཛམ་གླིང་རིམ་པའི་དཀའ་གནད་མང་པོ་ཞིག་བསལ་ཡོད།
         མིག་སྔའི་བར་ལྷོ་ཕྱོགས་གློག་དྲ་ནུབ་གློག་ཤར་གཏོང་ལས་གྲྭར“སྤེལ་རྒྱུག་བརྒྱད་དང་ཐད་རྒྱུག་བཅུའི”ཆན་ཧྥུའུ་500དང་དེ་ཡན་གྱི་ནུབ་གློག་ཤར་གཏོང་གི་བགྲོད་ལམ་ཆེ་མོ་18གྲུབ་པ་དེའི་གློག་གཏོང་ནུས་ཆེ་ཤོས་ཆན་ཝ་ཁྲི་4750ལྷག་ཙམ་ཟིན་པ་དང་། ལོར་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་2000ལྷག་ཙམ་ཟིན་ནས་ཀོང་ཏུང་ཞིང་ཆེན་གྱི་ལོ་རེའི་གློག་སྤྱོད་ཚད་ཀྱི་གསུམ་ཆ་གཅིག་ཙམ་བཟུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཕྱོགས་གློག་དྲས་ད་དུང་འཛམ་གླིང་ཐོག་གི་དམིགས་བསལ་མཐོ་གནོན་གྱི་སྣེ་མང་མཉམ་བསྲེས་ཀྱི་ཐད་རྒྱུག་ལས་གྲྭ་སྟེ། ཁུན་ལིའུ་ལུང་ཐད་རྒྱུག་ལས་གྲྭ་བསྐྲུན་རྒྱུ་དང་། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་དེའི་ནུབ་གློག་ཤར་གཏོང་གི་གློག་གཏོང་ནུས་ཆེ་ཤོས་ཆན་ཝ་ཁྲི་5500ལྷག་ཙམ་ཟིན་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།