འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེའི"རྒྱ་སེ་མེ་ཏོག་དཔལ་འབྱོར"ཀྲུང་གོའི་ཁྲོམ་རར་ཕྱོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དབྱི་སི་ཕར་ཐ་ནི་ཐུར་ཁེའི་ཨན་ན་ཐོ་ལི་ཡ་ས་མཐོའི་ནུབ་རྒྱུད་དུ་གནས་པ་དང་། ནམ་ཟླ་དྲོ་ལ་ཆར་ཆུ་འབེལ་བས་ཏ་མ་སི་ཁུའི་རྒྱ་སེ་མེ་ཏོག་སྐྱེ་འཚར་ལ་ཧ་ཅང་འཕྲོད་ཅིང་། ད་ཆ་ཡུལ་དེ་གར་བཅུད་སྣུམ་བཙོ་སྦྱངས་དང་། བྱུག་རྫས་ཐོན་སྐྱེད། བརྗོད་དོན་གཙོ་བོའི་ཡུལ་སྐོར་སོགས་ཆ་ཚང་བའི་རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་སྦྲེལ་ཐག་ཅིག་གྲུབ་པ་དང་། རྒྱ་སེ་མེ་ཏོག་གི་དཔལ་འབྱོར་ནི་ཡུལ་དེ་གའི་ཀ་རྟེན་ཐོན་ལས་དང་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་ཡོད།
          རྒྱ་སེ་མེ་ཏོག་གི་ཐོན་ཟོག་རྒྱལ་སྤྱིའི་ཁྲོམ་རར་འདོན་ཆེད། ད་ལོ་དབྱི་སི་ཕར་ཐ་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་སེ་མེ་ཏོག་དུས་ཆེན་དང་རྒྱ་སེ་མེ་ཏོག་ཐོན་ཟོག་འགྲེམས་ཚོང་འདུ་ཚོགས་གཟབ་རྒྱས་ངང་གཙོ་གཉེར་བྱས་པ་རེད། འགྲེམས་ཚོང་འདུ་ཚོགས་གཉེར་ཡུལ་དུ“ཀྲུང་གོར་སྐྱོད”དང“ཀྲུང་གོའི་ཁྲོམ་རར་ཞུགས”ཞེས་པའི་སྐད་སྒྲ་གང་སར་ཐོས་རྒྱུ་ཡིན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།