༄༅།།སྐྲུན་བཞིན་པའི་ལོ་སིའི་ནན་ཀུང་དང་པོ་ཆུ་གློག་ས་ཚིགས།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་22ཉིན། 13:54】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ལོ་སིའི་ནན་ཀུང་དང་པོ་ཆུ་གློག་ས་ཚིགས་རྣམ་གྲངས་དེ་ལྷོ་རྒྱུད་ཀྱི་ཨ་སུའུ་ཕོ་ཞིང་ཆེན་གྱི་ནན་ཀུང་ཆུ་བོའི་ཆུ་སྨད་དུ་གནས་ཡོད་པ་དང་གློག་འདོན་རྒྱུ་གཙོ་བོ་དང་། ཆུ་ལོག་སྔོན་འགོག ཞིང་ཆུ་འདྲེན་རྒྱུ་བཅས་ཚང་མར་ལྟ་རྟོག་བྱེད་པའི་ཆུ་གློག་གི་འགག་རྩའི་ལས་གྲྭ་ཞིག་རེད། རྣམ་གྲངས་དེ་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པའི་ཁོངས་གཏོགས་ཀྱི་མ་འཇོག་ཆ་ཚང་གི་ཡན་ལག་ཀུང་སི་སྟེ་ཀྲུང་གོ་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཚད་ཡོད་ཀུང་སི་དང་ལོ་སིའི་རྒྱལ་ཁབ་གློག་ཤུགས་ཀུང་སིས་མཉམ་ལས་ཐོག་གསར་སྤེལ་བྱས་པ་ཞིག་རེད། སྔོན་དཔག་བྱས་ན་2021ལོར་གློག་གཏོང་འགོ་འཛུགས་རྒྱུ་ཡིན་པ་རེད།