འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མི་697ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་གཟེངས་རྟགས་དང་དེ་བཞིན་རྒྱལ་ཡོངས་བཟོ་པའི་གདོང་ལེན་མཚན་སྙན་བཅས་ཀྱི་དཔྱད་འདེམས་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འདི་ལོ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་99དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་697སྤྲོད་རྒྱུ་དང་རྒྱལ་ཡོངས་བཟོ་པའི་གདོང་ལེན་མཚན་སྙན་ཐོབ་མཁན་799ལ་གཟེངས་བསྟོད་བྱ་རྒྱུའི་ནང་གཟེངས་བསྟོད་ཐོབ་མཁན་གྱི་བསྡུར་གྲངས་ཐོག་མར་ལོགས་སུ་བཏོན་པའི་ཐོན་ལས་བཟོ་པས་བཟུང་བའི་བསྡུར་གྲངས་དེ་བཅུ་ཆ་བཞི་ལས་བརྒལ་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཡོངས་སྤྱི་ཁྱབ་ངལ་རྩོལ་དང་དཔལ་འབྱོར་ལས་དོན་པུའི་པུའུ་ཀྲང་ཝང་ཅུན་ཀྲེས་ངོ་སྤྲོད་བྱས་པར་གཞིགས་ན། 《དུས་སྐབས་གསར་པའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཇུས་གཞིའི་》འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དུས་རབས་གསར་པའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད། འདི་ལོ་ནས་བཟུང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཁྲོད་ཐོན་ལས་བཟོ་པས་བཟུང་བའི་བསྡུར་གྲངས་ལོགས་སུ་འདོན་རྒྱུ་རེད།
         གཟེངས་རྟགས་ཐོབ་པའི་སྔོན་ཐོན་མི་སྒེར་ནང་ཐོན་ལས་བཟོ་པ་290ཡོད་པ་དེས་41.61%བཟུང་ནས་གཏན་འཁེལ་བྱས་པའི་བསྡུར་གྲངས་ལས་བརྒྱ་ཆའི་གྲངས་6.61གིས་མཐོ་བ་ཡོད་པ་དང་། དེ་མིན་གྱི་འཐབ་ཕྱོགས་དང་པོའི་ལས་བཟོ་དང་ཆེད་ལས་ལག་རྩལ་མི་སྣ་160ཡོད་པ་དེས་22.96%བཟུང་ནས་གཏན་འཁེལ་བྱས་པའི་བསྡུར་གྲངས་ལས་བརྒྱ་ཆའི་གྲངས་2.96གིས་མཐོ་བ་ཡོད་པ། ཚན་རིག་དང་སློབ་གསོའི་སློབ་མི་སྣ་151ཡོད་པ་དེས་21.66%བཟུང་ནས་གཏན་འཁེལ་བྱས་པའི་བསྡུར་གྲངས་ལས་བརྒྱ་ཆའི་གྲངས་1.66གིས་མཐོ་བ་ཡོད་པ། ཁེ་ལས་ཀྱི་འགན་འཁུར་མི་སྣ་39ཡོད་པ་དེས་5.60%བཟུང་ནས་བགོ་བཤའི་མི་གྲངས་ལས་མི་6གིས་ཉུང་བ་ཡོད་པ། དེ་བྱིངས་ནི་དོ་དམ་དང་ཕྱོགས་ཁག་གི་མི་སྣ་དང་དེ་བཞིན་ལས་ཁུངས་དང་བྱ་གཞག་ཚན་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཡིན་པ་རེད།
         སྔར་ལོ་དང་བསྡུར་ན་ད་ཐེངས་ཞིང་པ་ལས་མིས་བཟུང་བའི་བསྡུར་གྲངས་དེ་སྔར་ལོ་ལས་མང་བ་ཡོད་པ་དང་གཟེངས་རྟགས་འོས་མིའི་ནང་ཁྱོན་མི་89ལ་གཟེངས་བསྟོད་ཐོབ་ཡོད་པ་དང་12.77%བཟུང་ཡོད་པ་རེད། ཝང་ཅུན་ཀྲེས་ད་ཐེངས་ཀྱི་དཔྱད་འདེམས་དེར་དུས་རབས་རང་བཞིན་དང་སྔོན་ཐོན་རང་བཞིན་ཆེ་ཙམ་ལྡན་ཡོད་ལ། གཟེངས་བསྟོད་ཐོབ་མཁན་ཚང་མའི་ལས་ཀའི་ལས་རྗེས་མངོན་གསལ་དོད་པ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ལྡན་པ་མ་ཟད། མང་ཚོགས་ཁྲོད་སྙན་གྲགས་ཆེ་ཙམ་ལྡན་པ་དང་འབྲེལ་ཞིང་ཆེན(པུའུ)རིམ་པའི་གཟེངས་བསྟོད་ཀྱང་ཐོབ་མྱོང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།