འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ངོ་མཚར་ཆེ་བའི་ནང་པ་སངས་རྒྱས་ཀྱི་སྐུ་རྟེན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ངོ་མཚར་ཆེ་བའི་ནང་པ་སངས་རྒྱས་ཀྱི་སྐུ་རྟེན།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་གནའ་བོའི་ནང་པ་སངས་རྒྱས་ཀྱི་སྐུ་རྟེན་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད་པ་རེད། ཐེངས་འདིའི་འགྲེམས་སྟོན་དུ་དུས་སྐབས་དང་ས་ཁོངས། རྒྱུ་རྫས་འདྲ་མིན་གྱི་ནང་པའི་སྐུ་རྟེན་ཐོག་ནས། ནང་པ་སངས་རྒྱས་ཀྱི་སྐུ་རྟེན་སྒྱུར་རྩལ་གྱི་འཕེལ་རྒྱས་འགྲེམས་སྟོན་བྱས་ཡོད་པ་རེད།
        ཐེངས་འདིའི་འགྲེམས་སྟོན་གྱི་སྐུ་རྟེན་མང་ཤོས་ནི་ཐོག་མར་འགྲེམས་སྟོན་བྱས་པ་ཡིན་ཞིང་། དེ་ཚོའི་ཁྲོད་དུ"རྩ་ཆེའི་རིག་དངོས་བསྡུ་རུབ་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་དམིགས་གྲོན་དངུལ"གྱིས་ཕྱི་རྒྱལ་དུ་ཤོར་ནས་མྱུར་སྐྱོབ་བྱས་པའི་སྐུ་རྟེན་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་2010ལོའི་ཟླ་2པར་རྒྱལ་ཁབ་རྟེན་རྫས་བཤམས་སྟོན་ཁང་ལ་གནང་བའི་གསེར་ཟངས་ཀྱི་བཞེས་པའི་སྐུ་རྟེན་ཡག་ཤོས། ཆིང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གི་རྡོ་སྐུ ད་དུང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དང་ཉེ་བའི་ལོ་འགའི་རིང་སྡུད་རུབ་བྱས་པའི་ནང་པའི་སྐུ་རྟེན་ཡག་ཤོས་དག་ཡོད་པ་རེད། 
    【1】  【2】  【3】
    ༄༅།།རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ངོ་མཚར་ཆེ་བའི་ནང་པ་སངས་རྒྱས་ཀྱི་སྐུ་རྟེན།
      

    ཕྱོགས་བསྡུས་གསར་འགྱུར།