འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་ལྔ་པའི(2018)ཀྲུང་གོའི་དགེ་སྒྲུབ་མིང་ཐོ་ཁྱབ་བསྒྲགས་བྱས་པ། 

    དགེ་སྒྲུབ་མི་སྣ་172དང་དགེ་སྒྲུབ་ཁེ་ལས་721གིས་ཁྱོན་ཞལ་འདེབས་སྒོར་དུང་ཕྱུར་200ཙམ་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྐབས་བཅོ་ལྔ་པའི(2018)ཀྲུང་གོའི་དགེ་སྒྲུབ་མིང་ཐོ་པེ་ཅིང་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། སྐབས་འདིའི་མིང་ཐོའི་ནང་འཁོད་པའི་དགེ་སྒྲུབ་མི་སྣ་172ཀྱིས་2017ལོར་ཁྱོན་ཞལ་འདེབས་སྒོར་དུང་ཕྱུར་76.0817བརྒྱབ་པ་དང་དགེ་སྒྲུབ་ཁེ་ལས་721གིས་2017ལོར་ཁྱོན་ཞལ་འདེབས་སྒོར་དུང་ཕྱུར་120.7864བརྒྱབ་པ་དེ་2016ལོ་དང་བསྡུར་ན་མངོན་གསལ་དོད་པོས་འཕར་ཡོད་པ་རེད།
          དེ་དང་དུས་མཚུངས་ཁྱབ་བསྒྲགས་བྱས་པའི་ནང་ཀྲུང་གོ་ཐེབས་རྩ་ཚོགས་པའི་མིང་ཐོ་དང་ཀྲུང་གོ་དགེ་སྒྲུབ་གྲགས་ཅན་མི་སྣའི་མིང་ཐོ་ཡང་ཡོད་པ་རེད། གཏོང་ཡོང་གི་གྲངས་གཞི་དང་། ཁ་གསལ་ཡིན་ཚད། སྨྱན་སྦྱོར་གྱིས་དོ་སྣང་བྱེད་ཚད་སོགས་བརྒྱུད་ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་ཚོགས་པ་50དང་ཡོངས་བསྒྲགས་མིན་པའི་ཞལ་འདེབས་ཐེབས་རྩ་ཚོགས་པ་50ཀྲུང་གོའི་ཐེབས་རྩ་ཚོགས་པའི་མིང་ཐོའི་ནང་ཚུད་ཡོད་པ་རེད། གྲགས་ཅན་མི་སྣ་50ཀྲུང་གོའི་དགེ་སྒྲུབ་གྲགས་ཅན་མི་སྣའི་མིང་ཐོའི་ནང་འཁོད་ཡོད་པ་དང་གྲགས་ཅན་འཁྲབ་སྟོན་པ་ལིན་ཀྲེ་ལིན་ལ་ལོ་འཁོར་གྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གྲགས་ཅན་མི་སྣའི་དགེ་སྒྲུབ་པའི་མཚན་སྙན་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།