འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་ལྗོངས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཞེས་པ་ད་ལོའི་དེ་ཐོག་མར་འཁྲབ་
    སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དངོས་ལྗོངས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཞེས་པ་ད་ལོའི་དེ་ཐོག་མར་འཁྲབ་
སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་དགོང་མོར། དངོས་ལྗོངས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཞེས་པ་ལྷ་ས་རུ་ད་ལོའི་དེ་ཐོག་མར་འཁྲབ་སྟོན་བྱས་པ་དང་། སྡོད་ས་4000ཡོད་པའི་ཟློས་གར་ཁང་དུ་ཕལ་ཆེར་མི་ཡིས་ཁེངས་ཡོད་པ་རེད། འདི་ནི་2013ལོར་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་འཁྲབས་སྟོན་ཐེངས་དྲུག་པ་དེ་ཡིན་པ་རེད།
         གོ་དོན་གཏིང་ཟབ་ཅིང་སྒྱུ་རྩལ་ཁྱད་དུ་འཕགས་པ། སྒྲིག་བཟོ་སྤུས་ལེགས་པ་བཅས་ཀྱི་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། ཟློས་གར་《འུན་ཤིང་ཀོང་ཇོ་》ཡིས་རྒྱ་བོད་གཉིས་ཀྱི་འཆམ་མཐུན་གྱི་དབྱངས་རྟ་དར་སྤེལ་བཏང་ཡོད་ལ། བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་མངོན་ཡོད་པ་རེད། 
         ཟློས་གར་《འུན་ཤིང་ཀོང་ཇོ་》རྒྱལ་ཁའི་ངང་འཁྲབ་སྟོན་བྱས་པ་དེས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་རོགས་སྐྱོར་བྱས་ཡོད་པ་དེ། ཟློས་གར་འདིའི་འཁྲབ་སྟོན་པ་800ཡི་ནང་ནས་མི་95%ནི་ས་གནས་དེ་གའི་མི་ཡིན་པ་རེད། འཁྲབ་སྟོན་པ་འདི་ཚོས་ཉིན་མོར་ཕྱི་རོལ་ཏུ་གླ་རྒྱུག་པར་འགྲོ་བ་དང་། དགོང་མོར་འཁྲབ་སྟོན་ལ་ཞུགས་པ་ལས་གླ་སྒོར་སྟོང་བཞི་ཡོད་པས། ཕན་ནུས་ལྡན་པའི་ངང་ཡོང་འབབ་འཕར་སྣོན་བྱས་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།དངོས་ལྗོངས་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》ཞེས་པ་ད་ལོའི་དེ་ཐོག་མར་འཁྲབ་
སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།