འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གཙོ་གནད་ས་ཁོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་
    གི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་འདོན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་རང་རྒྱལ་གྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་དང་། འབྲི་ཆུའི་ཟུར་གསུམ། ཧྥེན་ཝེ་བདེ་ཐང་སོགས་གཙོ་གནད་ས་ཁོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་འདོན་རྒྱུ་ཡིན་པ་རེད།
          ཚེས་25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་ལི་ཀན་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་2017ལོའི་ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་སྒྲོན་གནང་སྐབས་གནས་ཚུལ་དེ་ངོ་སྤྲོད་གནང་བ་རེད།
         ལི་ཀན་ཅེས་ངོ་སྤྲོད་གནང་བར་གཞིགས་ན། 2017ལོའི་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་338ཁྲོད་གྲོང་ཁྱེར་99ཡི་མཁའ་རླུང་སྤུས་ཚད་ཚད་ལོན་ནས་ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་78%ཟིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་PM2.5དང་། PM10 དབྱང་གཉིས་ཐཱན་འགྱུར་སོགས་སྦགས་བཙོག་དངོས་པོ་གཙོ་བོའི་གར་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད་པ་རེད།
         ལི་ཀན་ཅེས་ངོ་སྤྲོད་གནང་བར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་79%བར་མཐོ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་ཚད་གཞི་མ་ལོན་པའི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5ཡི་གར་ཚད་2%དམའ་རུ་གཏོང་རྒྱུ་ཡིན་པ་རེད།
          ལོ་འཁོར་གྱི་དམིགས་ཚད་ལེགས་སྒྲུབ་ཐུབ་རྒྱུ་འགན་ལེན་བྱ་ཆེད། ཁོང་གིས་གནམ་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་ལོ་གསུམ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཆར་གཞི་བཟོས་ནས་ལག་བསྟར་བྱས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་དང་། འབྲི་ཆུའི་ཟུར་གསུམ། ཧྥེན་ཝེ་བདེ་ཐང་སོགས་གཙོ་གནད་ས་ཁོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་འདོན་རྒྱུ་ཡིན་པ་རེད། གཙོ་གནད་ས་ཁོངས་དང་གཙོ་གནད་གྲོང་ཁྱེར་གྱི་སོལ་རླངས་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་དང་གཙོ་གནད་ས་ཁོངས་ཀྱི་ལྕགས་ལམ་ཟོག་འདྲེན་གྱི་བསྡུར་གྲངས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།