འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་འགོ་ཁྲིད་ལས་བྱེད་པས་སྙན་སེང་ཞུས་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་བར་སྐབས་
    བསྟུན་འཐེན་བཤེར་བྱེད་ཆོག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའི་ལས་བྱེད་པའི་ལྟ་སྐུལ་དོ་དམ་ཁྲུའུ་ཡི་གཞུང་ལས་ཁང་དུ་འབྲེལ་ཡོད་ལས་བྱེད་ཁྲུའུ་དང་ཁང་གི་བདེན་དཔང་འོག ཟི་ལིང་གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་83མ་ལག་གིས་2018ལོའི་ཞིབ་དཔྱད་བྱ་ཡུལ་དུ་འཐེན་བཤེར་བྱས་པ་རེད། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་སྙན་སེང་ཞུས་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་བར་སྐབས་བསྟུན་འཐེན་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། འགོ་ཁྲིད་ལས་བྱེད་པས་སྙན་སེང་ཞུས་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་བར་སྐབས་བསྟུན་འཐེན་བཤེར་བྱ་རྒྱུ་ནི་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། ལོ་ལྟར་བསྡུར་ཚད་10%ཡི་ཐོག་ནས་མ་ལག་གིས་ཞིབ་དཔྱད་བྱ་ཡུལ་དུ་འཐེན་བཤེར་བྱས་ཏེ་ལས་བྱེད་པས་སྙན་སེང་ཞུས་པའི་དོན་དངོས་དང་ཆ་ཚང་རང་བཞིན་ལ་ཞིབ་དཔྱད་བྱེད་པར་ཟེར། སྙན་ཞུ་འབུལ་རྒྱུར་ལུས་པའམ་ཡང་ན་སྙན་ཞུ་མ་ཕུལ་བར་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་། ཞིབ་བཤེར་བྱེད་དུ་འཇུག་པ། བསླབ་འདོམས་སྐུལ་ལྕག་བྱེད་པ། ལས་གནས་བསྒྱུར་བ། གོ་གནས་ཕབ་པ་སོགས་ཀྱི་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། གནས་ཚུལ་ཅུང་ཚབས་ཆེ་བའམ་ཡང་ན་སྒྲིག་ཁྲིམས་ལས་འགལ་བའི་དོགས་པ་ཡོད་རིགས་ལ་སྒྲིག་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དེ་ཉིད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་འགོ་ཁྲིད་ལས་བྱེད་པ་སྐྱོང་རྒྱུའི་མཚོན་ཆ་རྣོ་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད། འགོ་ཁྲིད་ལས་བྱེད་པས་དོན་དངོས་བཞིན་མི་སྒེར་གྱི་འབྲེལ་ཡོད་བྱ་བ་སྙན་ཞུ་འབུལ་བ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་དང་། དོན་དངོས་བཞིན་སྙན་ཞུ་འབུལ་བའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་དུས་ཚིགས་གཉིས་པ་ནས་བཟུང་། འབྲེལ་ཡོད་འགན་ནུས་ཚན་པར་མངགས་བཅོལ་བྱས་ཏེ། ཁག་ཐེངས་3ལ་ཕྱེ་ནས་གྲོང་ཁྱེར་དང་ཀྲོའུ་དང་། ཞིང་ཆེན་ཐད་གཏོགས་ཚན་པ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་བཅས་འགོ་ཁྲིད་ལས་བྱེད་པ་1000ལྷག་ཙམ་གྱིས་སྙན་སེང་ཞུས་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་བར་སྐབས་བསྟུན་འཐེན་བཤེར་བྱས་པ་དང་། ལས་དོན་དེ་ཟླ་11པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་གཏན་འབེབས་ལ་ནན་པོ་གཞིགས་ནས་ཞིབ་དཔྱད་ནན་པོ་བྱས་ཏེ་དོན་དངོས་བཞིན་སྙན་སེང་མི་ཞུ་མཁན་ལ་ཐག་གཅོད་ནན་པོ་བྱས་ནས་སྙན་ཞུའི་ལམ་ལུགས་ཀྱི་དྲང་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།