འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ལས་དོན་
    གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ལས་དོན་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་གཉེར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          པ་ཐེར་གྱིས་དུས་སྐབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྤེལ་སྐབས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་ཐམས་ཅད་ལ་སྤྱི་འདོམས་བྱེད་དགོས། རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་མི་དམངས་སྲིད་གྲོས་དང་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཏན་ཏན་ཏིག་ཏིག་གི་སྒོ་ནས་སློབ་སྦྱོང་བྱེད་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་ཡག་པོའང་བྱེད་དགོས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་གླེང་ཆེའི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱེད་དགོས། མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་དང་བརྟག་དཔྱད་ཞིབ་འཇུག་ལས་དོན་བཀོད་སྒྲིག་གིས་སྤེལ་དགོས། འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་དེ་བས་རྒྱ་ཁྱབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་གནང་བ་རེད།
         དུས་ཡུན་ཉིན་ལྔ་ཡིན་པའི་ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་བཅས་ཁག་གི་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སོགས་མི་150ཙམ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།