འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པའི་བདེ་ཐང་སླར་གསོའི་རྟེན་
    གཞི་དང་པོ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པ་ཚོར་རྒྱལ་ཁབ་རིམ་པའི“བདེ་ཐང་སླར་གསོའི་ཁྱིམ་གཞིས”ཤིག་བྱུང་ཞིང་། ཚེས་20ཉིན། གསར་འགོད་པར་ཀྲུང་གོ་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཐེབས་རྩ་ལྷན་ཚོགས་དེས་ཧའེ་ནན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ཐེབས་རྩ་ལྷན་ཚོགས་སོགས་དང་མཉམ་དུ་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པའི(ལྷོ་ཕྱོགས)བདེ་ཐང་སླར་གསོའི་རྟེན་གཞི་ཧའེ་ཁའུ་གྲོང་ཁྱེར་དུ་བསྐྲུན་པ་དང་འདི་ལོའི་ཟླ་ལྔ་པའི་ཟླ་མཇུག་ཏུ་སྒོ་བྱང་བཀལ་ནས་དངོས་སུ་ལས་གཉེར་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ས་བཟུང་རྒྱ་ཁྱོན་མུའུ་43ཙམ་ཡོད་པའི་རྟེན་གཞི་དེར་བདེ་ཐང་སླར་གསོ་ཐོག་ཁང་དང་། མངགས་བཅོལ་སློབ་གསོ་ཐོག་ཁང་། སློབ་གསོ་ཞིབ་འཇུག་ཐོག་ཁང་། ཞབས་ཞུ་ཐོག་ཁང་། ཁང་ཕྱིའི་སྦྱོང་བརྡར་ཁུལ། དེ་བཞིན་རྟ་སྒ་ཆ་སྒྲིག་གི་ཞབས་ཞུ་ཁུལ་བཅས་ཡོད་ཅིང་། སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པར་ཚེ་སྲོག་བདེ་ཐང་གི་དོ་དམ་ཞབས་འདེགས་གང་ཐུབ་ཅི་ཐུབ་ཞུ་རྒྱུ་མ་ཟད། ད་དུང་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པའི་བདེ་ཐང་སླར་གསོའི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་མ་དཔེ་གསར་པ་ཞིག་གཏོད་ནས་ཆེད་ལས་ལག་རྩལ་པའི་ཤེས་ལྡན་པ་གསོ་སྦྱོང་དང་སྤེལ་རེས་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད།
         《2016ལོའི་ཀྲུང་གོའི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས་》ཀྱི་གྲངས་གཞིའི་ཐོག་ནས་མངོན་པར། 2016ལོའི་ལོ་མཇུག་བར། རང་རྒྱལ་གྱི་དབང་པོ་སྐྱོན་ཅན(སེམས་པ)ཁྲི་62.6གིས་གནད་སྨིན་བདེ་ཐང་སླར་གསོའི་ཞབས་ཞུ་དང་ལེན་བྱས་པའི་ནང་ལོ་0ནས་6བར་གྱི་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པ་ཁྲི་1.8དང་ལོ་7ནས་17བར་གྱི་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་བྱིས་པ་ཁྲི་1.4དང་འབྲེལ་ལམ་བཙུགས་ཡོད་ལ། ཁོ་ཚོར་སྦྱོང་བརྡར་འོས་འཚམ་དང་རྒྱབ་སྐྱོར་རང་བཞིན་གྱི་ཞབས་ཞུའང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།