འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁྲོམ་རའི་བྱེད་པོ“ཚོང་དུད་དུང་ཕྱུར་གྱི་དུས་རབས”སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁྲོམ་རའི་བྱེད་པོ་མིག་སྔར་ཚོང་དུད་དུང་ཕྱུར་1.0024ཟིན་པ་དེ་ཐོག་ནས་ཀྲུང་གོའི་ཁྲོམ་རའི་བྱེད་པོ“ཚོང་དུད་དུང་ཕྱུར་གྱི་དུས་རབས”སུ་སླེབས་པ་མཚོན་ཡོད། དབང་གྲགས་ལྡན་པའི་སྡེ་ཚན་གྱིས་གྲངས་འབོར་དེ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་ལས་གཏོད་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།
         རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བསྡོམས་རྩིས་དབྱེ་ཞིབ་ལས། ཚོང་དུད་དུང་ཕྱུར་གྱི་ཁྲོམ་རའི་བྱེད་པོའི་ཁྲོད་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་བཅུ་ཆ་བདུན་ཙམ་བཟུང་ནས་ཀུན་གྱིས་བྱ་གཞག་གཏོད་པའི་ཀྲུང་གོའི་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་། ཁེ་ལས་ཀྱིས་བཅུ་ཆ་གསུམ་བཟུང་བ། གཞན་ཡང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་2%བཟུང་བ་བཅས་མངོན་ཡོད།
         ཀྲུང་གོའི་རང་ཚུགས་ཀྱི་ཁྲོམ་རའི་བྱེད་པོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཕེལ་རྒྱས་བྱུང་བ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཀྲུང་གོའི་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་50མ་ཟིན་པ་ནས་དུང་ཕྱུར་1བར་ལྡབ་200ལྷག་ཙམ་འཕར་སྣོན་བྱུང་བ་དང་དེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས་སྒྱུར་བཅོས་སྒོ་དབྱེའི་ཟིལ་ཤུགས་དང་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་གང་ལེགས་མངོན་ཡོད་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྲོམ་རའི་བྱེད་པོ་མུ་མཐུད་མྱུར་དུ་འཕར་བའི་རྨང་གཞིའི་ཐོག་ལྡབ་འགྱུར་གྱིས་མྱུར་དུ་འཕར་བཞིན་ཡོད། 2012ལོའི་ཚོང་དུད་ཁྲི་1300ལྷག་ཙམ་ནས་2017ལོའི་ཚོང་དུད་ཁྲི་9000བར་ཚད་བརྒལ་བྱུང་ནས་ལོ་ལྔའི་རིང་70%འཕར་ཡོད། ད་བར་སྔར་བཞིན“འཕར་མགྱོགས་པའི”རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཉིན་ལྟར་འཕར་ཚད་ཚོང་དུད་ཁྲི་5ཙམ་ཟིན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།