འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལུའུ་ཁེ་ཝུན་གྱིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་དབུལ་སྒྲོལ་བྱ་
    གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་འདུག་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཟུར་པ། ཨ་རིའི་ཨེ་ཤེ་ཡ་མཐུན་ཚོགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའུ་ཁེ་ཝུན་གྱིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་གྲུབ་འབྲས་ལ་མི་རྣམས་སྤོབས་པ་སྐྱེས་དགོས་པ་ཞིག་འདུག དེའི་ནང་ཧ་ལས་དགོས་པ་ནི་ཀྲུང་གོ་བ་དུང་ཕྱུར་ཁ་ཤས་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་ཐུབ་པ་དེ་རེད་འདུག་ཅེས་བཤད་པ་རེད།
         ཉིན་དེའི་ཕྱི་དྲོ་ཧྥེ་ཁྲེང་དུ་ལུའུ་ཁེ་ཝུན་གྱིས་པིང་ཤི་ཧྥ་ཉི་ཡ་སློབ་ཆེན་ཝོ་ཏུན་ཚོང་ལས་སློབ་གླིང་གི་ཀྲུང་ཨའི་དབུ་ཚོགས་ནང་ཞུགས་པའི་བར་གསེང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད། ཁོང་གིས་ང་ནི་ཀྲུང་གོའི་སྐད་ཡིག་དང་ལོ་རྒྱུས་རིག་གནས་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་སྒྱུར་བཅོས་སྒོ་དབྱེས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་བ་དཔང་པོ་བྱེད་ཐུབ་བྱུང་ཞེས་བཤད་པ་རེད།
         ལུའུ་ཁེ་ཝུན་གྱིས་རྒྱ་སྐད་བདེ་པོའི་སྒོ་ནས་གསར་འགོད་པར་དབུལ་སྒྲོལ་ཡོང་བ་བྱེད་པ་ནི་བྱ་བ་ལས་སླ་པོ་ཞིག་གཏན་ནས་མིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཀྲུང་གོ་བ་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད་ཅེས་བཤད་བྱུང་། ཁོང་གིས་འདི་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་བྱུང་བའི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་ཡིན་པས་ཀྲུང་གོ་བ་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་པའི་ངོས་འཛིན་བྱས་པ་རེད།
         2018ལོའི་པིང་ཤི་ཧྥ་ཉི་ཡ་སློབ་ཆེན་ཝོ་ཏུན་ཚོང་ལས་སློབ་གླིང་གི་ཀྲུང་ཨའི་དབུ་ཚོགས་ཚེས་14ཉིན་ཨ་རིའི་ཧྥེ་ཁྲེང་དུ་འཚོགས་ཤིང་། པིང་ཤི་ཧྥ་ཉི་ཡ་སློབ་ཆེན་ཝོ་ཏུན་སློབ་གླིང་གི་ཀྲུང་ཨའི་དབུ་ཚོགས་དེ་ཨ་རིའི་པིང་ཤི་ཧྥ་ཉི་ཡ་སློབ་ཆེན་ཝོ་ཏུན་ཚོང་ལས་སློབ་གླིང་གི་སློབ་མས་2016ལོར་བཙུགས་པ་ཞིག་ཡིན་པས་ཀྲུང་ཨའི་ཆབ་སྲིད་དང་། ཚོང་ལས། སློབ་གསོ་བཅས་ལས་རིགས་ཀྱི་མི་སྣ་དང་དེ་བཞིན་ཨ་རིའི་མཐོ་སློབ་ཁག་གི་སློབ་མ་ཞུགས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།