འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཆེས་སྔོན་ཐོན་གྱི་རང་བརྟེན་ཆུར་འཛུལ་ཡོ་བྱད་ཐེངས་དང་པོ་མཚོ་འཇིངས་སུ་
    འཛུལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ཆེས་སྔོན་ཐོན་གྱི་རང་བརྟེན་ཆུར་འཛུལ་ཡོ་བྱད“དིམ་འབྲུག་ཨང་གསུམ་པ”ཚེས་20ཉིན་གྱི་ཐོ་རེངས་སུ་མཚོ་འཇིངས་སུ་ཐེངས་དང་པོ་འཛུལ་ཞིང་། ཆུ་ཚོད་4དང་སྐར་མ་46གི་རྗེས་སུ་མཚོ་ཐོག་ཏུ་སྐྱོད་པ་དང་། དེ་རྗེས་སྐར་མ་རེར་སྨི་50ཡི་མྱུར་ཚད་ཐོག་ནས་མཚོ་འཇིངས་སུ་འཛུལ་བ། མུན་ནག་མཚོ་གཏིང་འགྲིམ་པའི་ལོ་རྒྱུས་གཏོད་འགོ་བཙུགས་པ་རེད།
         གསར་འགོད་པས་གྲུ་གཟིངས་ཨ་མའི་ཐོག་བསྒར་བའི་ལྡིར་སོ་སྤྲོད་ཆས་ནས་མཐོང་བར། ཆུ་ཚོད་6དང་སྐར་མ་13ཐོག“དིམ་འབྲུག་ཨང་གསུམ་པ”སྔོན་གཏན་འཁེལ་བའི་གཏིང་ཚད་སྨི་3750ཡི་སར་འབྱོར་བ་དང་རྒྱ་མཚོའི་མཐིལ་དང་བར་ཐག་སྨི་200ལས་མེད་པས་འཆར་འགོད་ལམ་རྒྱུད་གཞིར་བཟུང་སྐོར་ཞིབ་གྲུ་གཏོང་གིས་ཚད་ལེན་བྱེད་འགོ་ཚུགས་པ་རེད།
         ད་རེས་མཚོ་འཇིངས་སུ་འཛུལ་བའི་དམིགས་ཡུལ་གཙོ་བོ་ནི“དིམ་འབྲུག་ཨང་གསུམ་པའི”ཕྱོགས་བསྡུས་རང་བཞིན་གྱི་ནུས་པར་ཚོད་ལྟ་བྱ་རྒྱུ་ཡིན་པ་དེ་མཚོར་འཛུལ་ཚོད་ལྟ་བྱེད་ཐེངས་གཉིས་ཀྱི་གྲས་ཤིག་རེད། མཚོར་འཛུལ་ཚོད་ལྟ་བྱེད་ཐེངས་དེས“དིམ་འབྲུག་ཨང་གསུམ་པའི”ལག་རྩལ་གྱི་སྟོན་གྲངས་གཙོ་བོ་དང་བྱེད་ནུས་ལ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།