འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཚམས་ནས་འགྲོ་འོང་དང་ནད་ཡམས་ཞིབ་བཤེར་ཁོངས་གཏོགས་ཀྱིས་འགག་སྒོ་ལས་
    ཁུངས་ཀྱི་མིང་ཐོག་ནས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། དེ་སྔའི་ས་མཚམས་ནས་འགྲོ་འོང་དང་ནད་ཡམས་ཞིབ་བཤེར་ཁོངས་གཏོགས་ཀྱིས་གཅིག་སྡུད་ཐོག་འགག་སྒོ་ལས་ཁུངས་ཀྱི་མིང་ཐོག་ནས་ལས་དོན་སྤེལ་འགོ་ཚུགས་ཤིང་། འགག་སྒོའི་འཐབ་ཕྱོགས་དང་པོར་ཡུལ་སྐོར་བར་ཞིབ་བཤེར་དང་། ཞིབ་བཤེར་བརྟག་དཔྱད། སྐར་ཁུང་ལས་གནས་བཅས་སུ་གཅིག་གྱུར་ཐོག་ལས་གནས་སུ་བསྐྱོད་པ་དང་། གཅིག་གྱུར་ཐོག་འགག་སྒོའི་ཆས་སྤྲས་པ། གཅིག་གྱུར་ཐོག་འགག་སྒོའི་རྟགས་མ་བཏགས་པ་བཅས་ལས་འགག་སྒོ་སྒྲོལ་བར་འགྱུར་ལྡོག་གསར་པ་ཞིག་བྱུང་བ་རེད།
         《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི་》གཞིར་བཟུང་། ཉིན་ཤས་གོང་ས་མཚམས་ནས་འགྲོ་འོང་དང་ནད་ཡམས་ཞིབ་བཤེར་དོ་དམ་འགན་འཁྲི་དང་དཔུང་ཁག་འགག་སྒོ་སྤྱི་ཁྱབ་ཧྲུའི་ཁོངས་སུ་བཅུག་པ་རེད། ཡུལ་སྐོར་བར་ཞིབ་བཤེར་དང་ལྟ་སྡོམ་བྱེད་པའི་ཐད། ཡུལ་སྐོར་བ་དེ་སྔ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་སྐབས་ལྷུ་ཚིགས་8འགྲིམས་དགོས་པ་དག་ད་ཆ་འཕྲོད་བསྟེན་ནད་བརྟག་དང་། རེ་ཞུ། ས་གནས་ས་ཐོག་གི་བརྟག་ཞིབ། བརྟག་དཔྱད་ཞིབ་བཤེར། ཐག་གཅོད་བཅས་ལྷུ་ཚིགས་5རུ་བསྡུ་སྒྲིལ་ལེགས་སྒྲིག་བྱས་ཡོད། དེ་དང་དུས་མཚུངས་འགག་སྒོ་དང་ནད་ཡམས་ཀྱི་ཞིབ་བཤེར་དེ་སྔའི་ཡུལ་སྐོར་བའི་བགྲོད་ལམ་ཟླ་སྒྲིལ་བཏང་སྟེ། ལྟ་སྡོམ་ཞིབ་བཤེར་སྒྲིག་ཆས་གཅིག་གྱུར་ཐོག་སྤྱོད་པ་དང་རྡོག་ཁྲེས་དང་དངོས་རྫས་ལ་ཞིབ་བཤེར་ཐེངས་གཅིག་ལས་མ་བྱེད་པ་དེས་འགག་སྒོ་སྒྲོལ་བའི་དུས་ཚོད་གསུམ་ཆ་གཅིག་ཐུང་དུ་སོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།