འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་5ཚེས་1ཉིན་ནས་བཟུང་དམིགས་བཀར་གྱི་ཁ་དན་ཚིག་ལ་གཏན་ནས་མི་གནས་མཁན་
    མེ་འཁོར་ལ་སྡོད་པར་བཀག་སྡོམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སྡེ་ཚན་མང་དག་ཅིག་དང་མཉམ་འབྲེལ་ཐོག་བཀྲམས་པའི་《དུས་བཀག་ངེས་ཅན་ཞིག་ནང་དམིགས་བཀར་གྱི་ཁ་དན་ཚིག་ལ་གཏན་ནས་མི་གནས་མཁན་མེ་འཁོར་ལ་སྡོད་པར་བཀག་སྡོམ་འོས་འཚམ་བྱས་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གཞིར་བཟུང་། ཟླ་5ཚེས་1ཉིན་ནས་བཟུང་། དམིགས་བཀར་གྱི་ཁ་དན་ཚིག་ལ་གཏན་ནས་མི་གནས་མཁན་མེ་འཁོར་ལ་སྡོད་པར་བཀག་སྡོམ་བྱ་རྒྱུ་དང་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ཉེ་ཆར་བསམ་འཆར་དང་རྟ་སྒ་ཆ་སྒྲིག་བྱས་པའི་ལག་བསྟར་བྱ་ཐབས་འདོན་རྒྱུ་རེད།
         ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ནོར་སྲིད་པུའུ། མི་སྤྱི་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན། ལྕགས་ལམ་སྤྱི་ཁྱབ་ཀུང་སི་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ་《དུས་བཀག་ངེས་ཅན་ཞིག་ནང་དམིགས་བཀར་གྱི་ཁ་དན་ཚིག་ལ་གཏན་ནས་མི་གནས་མཁན་མེ་འཁོར་ལ་སྡོད་པར་བཀག་སྡོམ་འོས་འཚམ་བྱས་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་དམིགས་བཀར་གྱི་ཁ་དན་ཚིག་ལ་གཏན་ནས་མི་གནས་མཁན་མེ་འཁོར་ལ་སྡོད་པར་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། བསམ་འཆར་དེ་2018ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         བསམ་འཆར་ནང་མེ་འཁོར་ལ་སྡོད་པར་བཀག་སྡོམ་བྱ་རྒྱུའི་ཁྱབ་ཁོངས་གསལ་སྟོན་བྱས་པའི་གྲས་སུ་རིགས་གཉིས་ཚུད་པ་སྟེ། གཅིག་ནི་ལྕགས་ལམ་འཁོར་རྒྱུག་གི་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་འབྲེལ་ཡོད་བྱེད་སྤྱོད་སྤེལ་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཆད་པ་བཅད་པའམ་ཡང་ན་ལྕགས་ལམ་ས་ཚིགས་ཚན་པས་ངོས་འཛིན་ངེས་གཏན་བྱས་པའི་རིགས་མེ་འཁོར་ལ་སྡོད་པར་བཀག་སྡོམ་བྱ་རྒྱུ་དང་། གཉིས་ནི་ཁྱབ་ཁོངས་གཞན་དག་གི་ཁྲིམས་ལས་འགལ་བ་དང་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་ཚབས་ཆེན་ལྡན་པའི་རིགས་མེ་འཁོར་གྱི་རིམ་པ་མཐོ་བའི་སྡོད་སར་སྡོད་པར་བཀག་སྡོམ་བྱ་རྒྱུ། དེའི་ནང་འབོལ་ཁྲི་དང་། ཡིག་འབྲུ་Gཡི་ཤུགས་འགྲེམས་མེ་འཁོར་གྱི་སྡོད་ས་ཆ་ཚང་། དེ་བཞིན་ཤུགས་འགྲེམས་མེ་འཁོར་རིམ་པ་དང་པོ་ཡན་གྱི་སྡོད་ས་གཞན་དག་བཅས་ཚུད་ཡོད་པ་རེད།
         བསམ་འཆར་ནང་ད་དུང་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་། འགྲེམས་སྤེལ་ལག་བསྟར། དབང་ཆ་སྲུང་སྐྱོང་། ལམ་སྲོལ་རྩིས་མེད། གཏུག་བཤེར་མཛུབ་སྟོན་སོགས་ཀྱི་སྐོར་གཏན་འབེབས་ཀྱང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།