འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་མཐུན་གྱི་མཉམ་ལས་འཆར་གཞི་སྐུལ་ཁྲིད་བྱས་པ།

    —— ཀྲུང་མ་མཉམ་ལས་བྱས་ནས་མ་ལེ་ཞི་ཡའི་ལྕགས་ལམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་22ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིནཉ། ཧྲ་མིན་དང་ཧྥ་ཝུའུ་ཙན་ནི་ཀྲུང་མ་ལྕགས་ལམ་ཤེས་ལྡན་མི་སྣའི་གསོ་སྦྱོང་མཉམ་ལས་འཆར་གཞིའི་སློབ་མ་རེད། གསོ་སྦྱོང་འཆར་གཞི་དེ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན)དང་། མ་ལེ་ཞི་ཡའི་ལྕགས་ལམ་སྦྲེལ་མཐུད་ཀུང་སི། མ་ལེ་ཞི་ཡའི་ཕེང་ཞང་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཕྱོགས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད། དེའི་དམིགས་ཡུལ་ནི་ཀྲུང་མ་མཉམ་ལས་ཀྱི་མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་མ་ལེ་ཞི་ཡའི་ལྕགས་ལམ་འགྲིམ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
        རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་ཧྲ་མིན་དང་ཧྥ་ཝུའུ་ཙན་དང་དེ་མིན་གྱི་མི་48གསོ་སྦྱོང་རྣམ་གྲངས་ཀྱི་སློབ་མ་ཁག་དང་པོར་གྱུར་ཡོད་པ་རེད། ཉེ་བའི་ཟླ་3ནང་ཁོང་ཚོས་ལྕགས་ལམ་འདུ་འགོད་ཀྱི་ཆེད་ལས་ལག་རྩལ་ཤེས་བྱ་སློབ་སྦྱོང་བྱས་པ་དང་གསོ་སྦྱོང་ལེགས་སྒྲུབ་ཟིན་རྗེས་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུ་རེད།
        “ཕྱིན་ཆད་ཀྱི་ལས་ཀའི་ལས་གནས་ད་དུང་གཏན་འཁེལ་བྱས་མེད། འོན་ཀྱང་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་སྐྱོད་ནས་བཟོ་སྐྲུན་པ་ཞིག་བྱེད་རྒྱུའི་རེ་བ་ཡོད”ཅེས་ཧྲ་མིན་གྱིས་བཤད། ཁོང་གིས་ཕེང་ཞང་གི་ས་གནས་དེ་གའི་མི་ཡིན་པའི་ངོས་ནས་ཧྲ་མིན་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་གྱིས་དེ་གའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་རེད། ངའི་ནང་མིས་ཀྱང་ང་གསོ་སྦྱོང་རྣམ་གྲངས་དེ་དང་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ལ་དེ་ནི་མདུན་ལམ་ཡོད་པའི་ལས་ཀ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་བཤད།
        སློབ་ཚན་གྱི་འགན་འཁུར་བའི་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱིས་ལྕགས་ལམ་གྱི་ཁྱབ་ཁོངས་སོ་སོའི་རིགས་གཅིག་མཁས་ཅན་མངགས་ཏེ་སློབ་མ་ཚོར་སློབ་ཁྲིད་བྱས་པ་དང་ཆབས་ཅིག་སློབ་མའི་ཆུ་ཚད་ལ་གཞིགས་ནས་སློབ་ཚན་ལེགས་སྒྲིག་ཀྱང་བྱས་པ་རེད། འགན་ནན་ཏན་ངང་འཁུར་མཁན་དགེ་རྒན་གྱིས་ཧྲ་མིན་དང་ཧྥ་ཝུའུ་ཙན་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད། སློབ་ཁང་དུ་སློབ་ཁྲིད་བྱས་རྗེས་རྒན་ལགས་ཀྱིས་ང་ཚོ་ཕྱི་རོལ་གྱི་ལྕགས་ལམ་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་འཁྲིད་ནས་ལྕགས་ལམ་གྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ཆེད་ལས་ཀྱི་སློབ་ཚན་ཕུད་གཟའ་འཁོར་རེར་ད་དུང་རྒྱ་ཡིག་སློབ་ཚན་ཡང་འཚོགས་ཀྱི་ཡོད་ཅེས་ཁོང་གཉིས་ཀྱིས་བཤད།
         པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་གྱིས། སློབ་མ་ཚོས་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་སློབ་སྦྱོང་བྱེད་འདོད་ཆེན་པོ་འདུག སློབ་ཁང་ནང་གསར་འགོད་པས་ཚང་མར་རྒྱ་ཡིག་གི་མིང་ཚིག་གང་ཤོད་ཤེས་མིན་སྐོར་འདྲི་སྐབས་དེ་གར་ཡོད་པའི་སློབ་མ་ཚོས་མགྲིན་གཅིག་ཏུ“རྒྱུད་གཅིག་ལམ་གཅིག”ཅེས་འབོད།
         ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཐེངས་གཉིས་པའི་གསོ་སྦྱོང་དེ་འཆར་གཞི་ལྟར་ན་2017ལོའི་ཟླ་12པར་འགོ་ཚུགས་ནས་2022ལོ་བར་ཡིན་པ་དང་མཉམ་ལས་འཆར་གཞི་དེས་སློབ་མ་3600གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།