འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྲིད་ཇུས་བཏོན་ནས་བྱ་གཞག་ཚན་པས་དམིགས་འཛུགས་ལས་གནས་རེ་ཞུ་བྱས་པ་
    བརྒྱུད་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་《ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཚན་པའི་དམིགས་འཛུགས་ལས་གནས་བཀོད་སྒྲིག་དང་དོ་དམ་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བྱ་གཞག་ཚན་པས་ཕུལ་བྱུང་དང་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་མཐོ་རིམ་གྱི་དགོས་མཁོ་ཆེ་ལ་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྐབས་གཏན་འབེབས་ལྟར་དམིགས་འཛུགས་ལས་གནས་རེ་ཞུ་བྱེད་ཆོག་པ་དང་། བྱ་གཞག་ཚན་པའི་ལས་གནས་གྲུབ་ཆའི་བསྡུར་ཚད་དང་སྒྲིག་ཁོངས་ཀྱི་ཚད་བཀག་མེད་པར་བྱ་གཞག་ཚན་པར་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུར་དམིགས་བསལ་གྱི་ཆ་རྐྱེན་བསྐྲུན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཤམ་གྱི་རྣམ་པ་དྲུག་ལྡན་པར་དམིགས་འཛུགས་ལས་གནས་རེ་ཞུ་བྱ་ཆོག་སྟེ། རྒྱལ་ཁབ་བམ་རང་ཞིང་ཆེན་གྱི་གཙོ་གནད་ཞིབ་འཇུག་རྣམ་གྲངས་དང་དཔྱད་གཞིའི་འགན་འཁུར་ནས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་ཤེས་ལྡན་མི་སྣ་དགོས་མཁོ་ཧ་ཅང་ཆེ་བས་ནང་འདྲེན་བྱེད་དགོས་ངེས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གསར་གཏོད་ལས་གཏོད་དང་སྣོད་བཅུད་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གསར་གཏོད་ལག་ལེན་གྱི་ཉམས་མྱོང་ཡོད་པའི་མཐོ་རིམ་ཚན་ཞིབ་མི་སྣ་དང་། ལས་གྲྭའི་ལག་རྩལ་མི་སྣ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་འཕྲལ་དུ་གདན་ཞུ་བྱེད་དགོས་པ། བྱ་གཞག་ཚན་པའི་ཕུགས་ཀྱི་འཕེལ་རྒྱས་ལ་དགོས་མཁོ་ཧ་ཅང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས་ངེས་ཡིན་པ། རྒྱལ་ཁབ་དང་རང་ཞིང་ཆེན་གྱི་ལས་རིགས་ཁག་གི་ལས་གནས་བཀོད་སྒྲིག་དོ་དམ་མཛུབ་སྟོན་བསམ་འཆར་ཁྲོད་ཀྱི་དམིགས་འཛུགས་ལས་གནས་སྐོར་གྱི་ཞིབ་ཕྲའི་གཏན་འབེབས་དང་འཚམ་པ། སྤྱི་པའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ཕུལ་བྱུང་ཤེས་ལྡན་མི་སྣ་གཙོ་གནད་ཁྱབ་ཁོངས་དང་། གཞི་རིམ་བྱ་གཞག་ཚན་པ། འཐབ་ས་དང་པོའི་དཀའ་ཚེགས་ཆེ་བའི་ལས་གནས་སུ་ལས་ཀ་བྱེད་པར་སྐྱོད་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་དང་། ཞིང་ཨུད། ཞིང་ཆེན་སྲིད་གཞུང་གི་ཡིག་ཆའི་ནང་གཏན་འཁེལ་ཁ་གསལ་བྱས་པའི་བཀོད་སྒྲིག་བྱེད་དགོས་ངེས་ཀྱི་རྣམ་པ་གཞན་བཅས་སོ།
         ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་འཛུགས་ལས་གནས་ཀྱི་གྲངས་འབོར་དང་རིམ་པ་ངེས་ཅན་ཞིག་ནང་ཚོད་འཛིན་བྱེད་དགོས་ཤིང་། དམིགས་འཛུགས་ལས་གནས་དེ་སྤྱིའི་ཆ་ནས་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་ལས་གནས་ཀྱི་གཙོ་གནད་རིམ་པའི་ལས་གནས་སུ་བཀོད་སྒྲིག་བྱེད་པའམ་ཡང་ན་གཙོ་གནད་རིམ་པའི་ཆེད་ལས་ལག་རྩལ་ལས་གནས་ལ་འདེགས་སྐྱོར་བྱེད་པའི་གཙོ་གནད་ལག་རྩལ་ལས་གནས་དང་། དེ་བཞིན་ལས་རིགས་ལག་རྩལ་སློབ་གླིང་དང་སློབ་གྲྭ་སོགས་གཙོ་གནད་ལག་ལེན་སློབ་ཁྲིད་ཀྱི་རྩལ་ནུས་ལས་གནས་སུ་བཀོད་སྒྲིག་བྱེད་ཆོག་པ་དང་། ཆེད་ལས་ལག་རྩལ་ལས་གནས་རིགས་བཀོད་སྒྲིག་གི་གྲངས་འབོར་རྩ་དོན་ཐོག་ནས་ཆེད་ལས་ལག་རྩལ་ལས་གནས་ཀྱི་སྤྱིའི་བསྡོམས་འབོར་གྱི་5%ལས་མི་བརྒལ་བ་དང་། ལས་བཟོ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩལ་ནུས་ལས་གནས་རིགས་བཀོད་སྒྲིག་གི་གྲངས་འབོར་རྩ་དོན་ཐོག་ནས་ལས་བཟོ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩལ་ནུས་ལས་གནས་ཀྱི་སྤྱིའི་བསྡོམས་འབོར་གྱི་2.5%ལས་མི་བརྒལ་བ། ཞིང་ཆེན་རིམ་པའི་བྱ་གཞག་ཚན་པའི་དམིགས་འཛུགས་ལས་གནས་དེ་ཆེད་ལས་ལག་རྩལ་རིམ་པ་བཞི་པ་ཡན་གྱི་ལས་གནས་སམ་ཡང་ན་ལས་བཟོ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩལ་ནུས་ལས་གནས་རིམ་པ་དང་པོའི་ལས་གནས་ལ་བཀོད་སྒྲིག་བྱ་ཆོག ཞིང་ཆེན་དང་ཀྲོའུ་དེ་བཞིན་དེ་མན་ཆད་ཀྱི་བྱ་གཞག་ཚན་པའི་དམིགས་འཛུགས་ལས་གནས་ཆེད་ལས་ལག་རྩལ་གྱི་རིམ་པ་བདུན་པ་ཡན་གྱི་ལས་གནས་སམ་ཡང་ན་ལས་བཟོ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩལ་ནུས་རིམ་པ་གཉིས་པའི་ལས་གནས་དང་། ཤང་དང་གྲོང་རྡལ་གྱི་བྱ་གཞག་ཚན་པའི་དོན་དངོས་ཀྱི་དགོས་མཁོ་ལྟར་ཆེད་ལས་ལག་རྩལ་རིམ་པ་བརྒྱད་ཡན་གྱི་ལས་གནས་བཀོད་སྒྲིག་བྱ་ཆོག་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།