འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎རང་རྒྱལ་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་བརྟན་
    པོའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། ཚོད་ལྟའི་ཚན་པ་300བར་རྒྱ་ཆེར་གཏོང་རྒྱུ་དང་ཆབས་ཅིག་ས་གནས་ལ་ཚོད་ལྟའི་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་སྐུལ་མ་བཏང་ནས་2021ལོའི་ལོ་མཇུག་གོང་དུ་གཉེར་སྐྱོང་རང་བཞིན་གྱི་མ་རྩ་མ་རྐང་མཉམ་ལས་ལམ་ལུགས་ཀྱི་སྒྱུར་བཅོས་རྩ་བའི་ཆ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད། གཞན་ཡང་། ཉིན་ཤས་གོང་འཚོགས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་རྩིས་དང་མ་རྩ་རྩིས་བཤེར་ལས་དོན་ལ་སྐུལ་གཏོང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་རྩིས་དང་མ་རྩ་རྩིས་བཤེར་ལས་དོན་དེ“གོམ་སྟབས་གསུམ”ལ་དབྱེ་ནས་སྤེལ་རྒྱུ་དང་2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུ་རེད།
         གོམ་སྟབས་དང་པོ་ནི་གྲ་སྒྲིག་དུས་མཚམས་ཡིན་ཞིང་། 2018ལོའི་ཟླ་བཞི་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་ལས་ཀའི་ཞིབ་སྲོལ་སོགས་ཡིག་ཆ་ཆ་ཚང་བཟོ་རྒྱུ་དང་། གསོ་སྦྱོང་བྱ་རྒྱུ། རྨང་གཞི་བརྟན་དུ་གཏོང་རྒྱུ་བཅས་རེད། གོམ་སྟབས་གཉིས་པ་ནི་ལག་ལེན་དུས་མཚམས་ཡིན་ཞིང་། 2019ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་མ་རྩ་ཁྱོན་ཡོངས་ནས་གཙང་བཤེར་བྱ་རྒྱུ་དང་། ཐོ་བཀོད་རེའུ་མིག་འབྲི་རྒྱུ། རིམ་པ་བཞིན་ཞིབ་བཤེར་བྱས་ནས་གོང་ཞུ་བྱ་རྒྱུ་བཅས་རེད། གོམ་སྟབས་གསུམ་པ་ནི་ཕྱོགས་སྡོམ་དུས་མཚམས་ཡིན་ཞིང་། 2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་ལེགས་གྲུབ་བྱ་རྒྱུ་དང་གཙོ་གནད་ནི་ལྟ་སྐུལ་ཞིབ་བཤེར་དང་གྲུབ་འབྲས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།