འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་རྩལ་རིམ་སྤོར་གྱི་དུས་མཚམས་གསར་པ་བསུ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧིན་རྡུ་རྒྱ་མཚོའི་ལྷོ་ནུབ་ཏུ་ཀྲུང་གོ་རྒྱ་མཚོ་ཆེ་མོའི་ཚན་ཞིབ་ལས་འགན་སྐྱོད་ཐེངས་49པ་སྒྲུབ་བཞིན་ཡོད་པའི“མཚོ་འབྲུག་རྟགས་ཅན་ཨང་གཉིས་པའི”མི་མེད་ཆུར་འཛུལ་འཕྲུལ་ཆས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་6ཉིན་གྱི་ཐོ་རེངས་སུ་མཚོ་གཏིང་དུ་ཐེངས་50འཛུལ་པའི་ལས་འགན་ལེགས་གྲུབ་བྱུང་བ་དང་འབྲེལ་སྐྱོད་ཐེངས་འདིའི་ཚན་ཞིབ་ལས་འགན་མཇུག་འགྲིལ་རྗེས་དངོས་སུ་ལག་རྩལ་རིམ་སྤོར་བྱ་རྒྱུ་ཡིན་པ་རེད།
         གསར་འགོད་པས་ཀྲུང་གོ་རྒྱ་མཚོ་ཆེ་མོ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། “མཚོ་འབྲུག་རྟགས་ཅན་ཨང་གཉིས་པ”ནི་2015ལོར་དངོས་སུ་མཚོ་གཏིང་དུ་འཛུལ་བ་དང་ལྷོ་མཚོར་ཞིབ་བཤེར་རྩིས་ལེན་ཚོད་ལྟ་ཐེངས་15བྱས་པ་དང་ཧིན་རྡུ་རྒྱ་མཚོའི་ལྷོ་ནུབ་ཀྱི་མཚོ་གཏིང་དུ་ཐེངས་35འཛུལ་ཡོད། མིག་སྔར“མཚོ་འབྲུག་རྟགས་ཅན་ཨང་གཉིས་པས”ཧིན་རྡུ་རྒྱ་མཚོའི་ལྷོ་ནུབ་ཏུ་སྐྱོད་ཚད་སྤྱི་ལེ་2000ལས་བརྒལ་ཡོད་པ་རེད།
         ཚན་རྩལ་པུས་རྒྱབ་སྐྱོར་བྱས་པ་དང་ཀྲུང་གོ་རྒྱ་མཚོ་ཆེ་མོ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པའི“མཚོ་འབྲུག་རྟགས་ཅན་ཨང་གཉིས་པ”ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྨི་4500ཡི་མཚོ་གཏིང་ཐོན་ཁུངས་རང་བརྟེན་རྩད་ཞིབ་བྱེད་ཐུབ་པའི་འཕྲུལ་ཆས་ཐོག་མ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།