འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་འདྲེན་སྨན་བཅོས་ཡོ་ཆས་ཀྱི་ཞིབ་མཆན་འགོད་དབང་ཧའེ་
    ནན་ལ་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧའེ་ནན་ཞིང་ཆེན་དུ་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ཚོད་ལྟའི་ངང་འཕེལ་རྒྱས་གཏོང་བར་སྔར་བས་རྒྱབ་སྐྱོར་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧའེ་ནན་པོ་ཨའོ་ལེ་ཁྲེང་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་སྔོན་སྐྱོད་ཁུལ་དུ་《སྨན་བཅོས་ཡོ་ཆས་ལྟ་སྐུལ་དོ་དམ་སྲོལ་ཡིག་》གི་དོན་ཚན་བཅུ་གཅིག་པའི་ནང་གསེས་གཉིས་པའི་གཏན་འབེབས་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་དང་། སྔོན་སྐྱོད་ཁུལ་གྱི་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་ལ་འཕྲལ་མཁོ་ཆེ་ཞིང་། རང་རྒྱལ་དུ་ད་ལྟ་རིགས་གཅིག་པའི་ཐོན་རྫས་མེད་པའི་ཐོ་འགོད་བྱས་ཆོག་པའི་སྨན་བཅོས་ཡོ་ཆས་དག་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནང་འདྲེན་ཆོག་མཆན་སྤྲད་རྗེས་དམིགས་བཙུགས་ཀྱི་སྨན་བཅོས་སྒྲིག་གཞིར་སྤྱོད་དགོས་པའི་གཏན་འཁེལ་བྱས་ཡོད།
        《གཏན་འབེབས་》ནང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་ཕྲའི་དོ་དམ་བྱ་ཐབས་བཟོས་ནས་ཆོག་མཆན་སྤྲོད་པའི་ཆ་རྐྱེན་དང་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། འབྲེལ་ཡོད་ནང་འདྲེན་སྨན་བཅོས་ཡོ་ཆས་བེད་སྤྱོད་ཚད་ལྡན་དང་། ཚུལ་མིན་གནས་ཚུལ་ལྟ་ཞིབ། ནང་འདྲེན་གྱི་འགག་སྒོ་སོགས་ཀྱི་ནང་དོན་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ཏེ་ནང་འདྲེན་སྨན་བཅོས་ཡོ་ཆས་སྤྱོད་སྐབས་བདེ་འཇགས་ལྡན་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།