འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་གཏོད་ཕྱུག་འགྱུར་བྱས་ནས་ཕྱོགས་གཅིག་སྐུལ་ཁྲིད་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལས་གཏོད་ཕྱུག་འགྱུར་བྱས་ནས་ཕྱོགས་གཅིག་སྐུལ་ཁྲིད་བྱེད་པ།
         མི་དམངས་དྲ་བའི་འཕྲིན། 2012ལོའི་ཟླ་9པར་བོད་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་གྱི་ཉི་མས་གྲོང་རྡལ་སྲིད་གཞུང་གི་རོགས་རམ་འོག་ཤོ་ཁ་གྲོང་ཚོར་སྨན་གླིང་གྲོང་རྡལ་གྱི་ཉི་མ་དམར་པོའི་ཁྱིམ་ཚང་གི་ཚན་རྩལ་དཔེ་སྟོན་ཞིང་ར་བཙུགས་ཡོད། 2016ལོར་ཉི་མས་གྲོང་རྡལ་གྱི་དུད་ཚང་དབུལ་པོ་15ཡི་མི་གྲངས་55དེ་དག་ཁྱིམ་ཚང་གི་ཞིང་རའི་རོགས་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ནས་དུད་ཚང་དབུལ་པོར་ཀོ་ཤ་དང་མཱ་ཁ་འདེབས་འཛུགས་ཀྱི་ཞབས་འདེགས་རབ་དང་རིམ་པ་ཞུས་པ་རེད། ད་ཆ་ཞིང་ར་དེར་འགྱིག་ཤོག་དྲོད་ཁང་ཆེ་མོ་38ཡོད་པ་དང་2017ལོར་ཡོང་འབབ་སྒོར་ཁྲི་190ཟིན་པའི་ཁྲོད་ཡོང་འབབ་ཁེར་གཙང་སྒོར་ཁྲི་40ཡོད་པ་དང་ཉེ་འགྲམ་གྱི་མང་ཚོགས་ཚོར་ལས་ཞུགས་ཀྱི་ལས་གནས་30ལྷག་ཙམ་མཁོ་འདོན་བྱས་ཡོད་ཅིང་། གོང་གི་པར་རིས་ནི་ཉི་མ་དང་ཞིང་རའི་ལས་མིས་ཤ་མོའི་རིགས་ཐོན་སྐྱེད་བྱེད་པའི་མ་བཅོས་རྒྱུ་ཆ་བེ་ཤིང་སྐེམ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།