འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡི་རྣམ་གྲངས་གལ་ཆེན་54གཅིག་སྡུད་ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་དཀར་མཛེས་ཀྲོའུ་ཡི་2018ལོའི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་གཅིག་སྡུད་ཐོག་གཉེར་འགོ་ཚུགས་པ་དང་། རྒྱལ་ལམ་318ལམ་ཐིག་གི་དར་མདོའི་རྒྱུ་ལའི་ཕུག་ལམ་ལས་འཛུགས་སྐུལ་སློང་མཛད་སྒོ་དེ་རྒྱལ་ལམ་318ལམ་ཐིག་གི་དར་མདོའི་རྒྱུ་ལའི་ཕུག་ལམ་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་འཚོགས་པ་རེད།
         ད་རེས་ཀྱི་གཅིག་སྡུད་ཐོག་གཉེར་འགོ་ཚུགས་པའི་རྣམ་གྲངས་54ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་44.91གཏོང་རྩིས་ཡོད་པ་དང་། དེ་དག་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། དམངས་འཚོ་དང་སྤྱི་ཚོགས་ཀྱི་བྱ་གཞག་སོགས་ཁྱབ་ཁོངས་མང་དག་དང་འབྲེལ་བ་ཡོད་ཅིང་། ཚབ་མཚོན་རང་བཞིན་དང་། དཔེ་སྟོན་རང་བཞིན། སྐུལ་ཁྲིད་ནུས་པ་བཅས་ལྡན་ཁར། འགྲིམ་འགྲུལ་སྔོན་སྤེལ་དང་སྣོད་བཅུད་རྩ་བར་འཛིན་རྒྱུ་མངོན་གསལ་དོད་པ་དང་། ཐོན་ལས་འདེགས་སྐྱོར་དང་འཕེལ་རྒྱས་མྱུར་པོའང་མཚོན་གྱི་ཡོད།
         ད་རེས་ཀྱི་ལས་འཛུགས་སྐུལ་སློང་བྱས་པའི་རྒྱལ་ལམ་318དར་མདོ་རྒྱུ་ལའི་ཕུག་ལམ་གཞུང་ལམ་ལས་གྲྭ་ནི་དར་མདོ་གྲོང་ཁྱེར་མདོ་གྲོང་རྡལ་ལྕེ་ཐོག་གྲོང་ཚོའི་ལམ་སྐྱོང་པན་བརྒྱུད་དེ། རྒྱལ་ལམ་318སྦྲེལ་མཐུད་བྱ་རྒྱུ་ཡིན་པ་དང་། ལམ་བར་དུ་ཀྲེ་ཏོ་གཙང་པོ་བརྒལ་དགོས་པ་དང་། རྒྱུ་ལར་ཕུག་ལམ་བཟོས་ཏེ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ཐང་ཉི་པ་གྲོང་ཚོ་དང་རྒྱལ་ལམ་318བར་མཐུད་རྒྱུ་བཅས་རེད། ལམ་དེར་ཁྱོན་རིང་ཚད་སྤྱི་ལེ་9.94ཙམ་ཡོད་པའི་ནང་ཕུག་ལམ་ལ་རིང་ཚད་སྨི་8155ཡོད་པ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་14.79གཏོང་རྒྱུ་རེད། རྣམ་གྲངས་དེ་ལག་ལེན་བསྟར་རྗེས་རྒྱལ་ལམ་318བརྒྱུད་སྐབས་སྤྱི་ལེ་20ཡས་མས་ཀྱི་ཁ་བས་བཀླུབས་པའི་གཞུང་ལམ་འགྲིམས་མི་དགོས་པས། གངས་ཆེན་གྱིས་འགྲོ་ལམ་འགག་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད་དུས་ཚོད་ངེས་ཅན་ཞིག་ཀྱང་གྲོན་ཆུང་ཐུབ་རྒྱུ་རེད། དེ་ནི་ཁྲོན་བོད་གཞུང་ལམ་གྱི་འགྲོ་ལམ་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་རྒྱུ། དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ། ས་ཁུལ་གྱི་ལེགས་ལྡན་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཞབས་འདེགས་ཞུ་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།