འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་ལས་གཏོད་སྤྲོ་སྣང་འཕེལ་བར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཐོ་འགོད་དང་། ཐོ་འཇུག ཆ་འཕྲིན་འགོད་པ། ཐོ་འགོད་སྙན་འབུལ་བཅས་ཀྱི་འགྲོ་ལུགས་གཉེར་བར་དེ་སྔོན་ཟླ་གཉིས་ཙམ་འགོར་བ་ད་ཆ་ཆུ་ཚོད་ཕྱེད་ཀ་ཡང་འགོར་གྱི་མི་འདུག “འདི་འདྲའི་སྟབས་བདེ་བ་ལའང”ཞེས་ཧོ་ཕེ་གྲོང་ཁྱེར་ཧྲེ་ལའེ་ཧྲུན་ཟ་ཁང་གི་སྦྱིན་བདག་རོན་ཁུན་གྱིས་བརྗོད། ན་ནིང་ཨན་ཧུའེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་མིན་གྱི་གདེང་འཇོག་ཐོ་འགོད་རེའུ་མིག་དྲ་ཐོག་གི་ཐོ་འགོད་སྙན་ཞུ་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་བྱེད་ཐབས་ལག་ལེན་བསྟར་ནས། ཐོ་འགོད་སྙན་ཞུའི་མ་ལག་དྲ་ཐོག་ཏུ་འཁོར་རྒྱུག་བྱས་རྗེས་ཁོར་ཡུག་ལ་ཤུགས་རྐྱེན་ཞན་པའི་རྣམ་གྲངས་དག་དྲ་སྦྲེལ་གྱི་ཐོ་འགོད་སྙན་ཞུའི་མ་ལག་ནང་འབྲེལ་ཡོད་ཀྱི་ཆ་འཕྲིན་བཀོད་ཚེ་ཁོར་ཡུག་སྲུང་སྐྱོང་གི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཧྲིལ་པོ་ལེགས་གྲུབ་ཐུབ་ཀྱི་ཡོད།
         2016ལོ་ནས་བཟུང་རྒྱལ་ཡོངས་ཀྱི་སྔོན་དུ་ཞིབ་མཆན་འགོད་ཐེངས་གཅིག་ལ་འགྲོ་ལུགས་ཚང་མ་གཉེར་ཐུབ་རྒྱུའི་ཁས་ལེན་བྱས་ཚུན། ཨན་ཧུའེ་ཞིང་ཆེན་གྱིས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཞིབ་མཆན་འགོད་པའི་དོན་ཚན་ཉུང་ཤོས་དང་། ལས་ཕྱོད་ཆེ་ཤོས། མ་འཇོག་ཁོར་ཡུག་ལེགས་ཤོས། ཁྲོམ་རའི་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཟབ་ཤོས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་ཡོད་པ་རེད། “གཅིག་གྱུར་གྱི་ལས་སྟེགས་དང་། གཅིག་གྱུར་གྱི་དོན་ཚན། གཅིག་གྱུར་གྱི་ཞབས་ཞུ། གཅིག་གྱུར་གྱི་གདེང་འཇོག”བཅས་ཀྱི་ཚད་གཞི་གཞིར་བཟུང་། གྲོང་ཁྱེར་དང་རྫོང་གི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་ཡོད། ཤང་གྲོང(ཁྲོམ་གཞུང)1476ལ་དམངས་ཕན་ཞབས་ཞུ་ལྟེ་གནས་བཙུགས་པ་དང་། གྲོང་ཚོ(སྡེ་ཁུལ)ཁྲི་1.75ལ་དམངས་ཕན་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོའི་ལས་ཚབ་ལས་དོན་ཁང་བཙུགས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཤང་ལ་ཁྱབ་པའི་རིམ་ལྔའི་ཞབས་ཞུའི་མ་ལག་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།