འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་འབོར་ཁྲི་བརྒྱ་ལ་སྐྱ་གྲིབ་གཤགས་བཅོས་བྱེད་པའི་དམིགས་ཚད་སྔ་སྣུར་དུ་
    མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་འཚོགས་པའི་2018ལོའི་སྐྱ་གྲིབ་གཤགས་བཅོས་ཀྱི་འཕེལ་རིམ་གསར་པའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ལོང་འགོག་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་གི་བློ་འདྲི་བ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མིག་ནད་ཚན་ཁག་སློབ་ཚོགས་ལོང་འགོག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་ཀྲའོ་ཅ་ལེའང་གིས་རང་རྒྱལ་གྱི་མི་འབོར་ཁྲི་བརྒྱ་ལ་སྐྱ་གྲིབ་གཤགས་བཅོས་བྱེད་ཚད་1988ལོའི་83ནས་2017ལོའི་2205བར་མང་དུ་ཕྱིན་ཏེ“ལོ་ལྔ་ཚན་བཅུ་གསུམ་པར”རྒྱལ་ཡོངས་ཀྱི་མིག་གི་བདེ་ཐང་འཆར་འགོད་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་ལོང་འགོག་དང་ལོང་བཅོས་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་མཚོན་ཡོད།
       སྐྱ་གྲིབ་ནི་གོ་ལ་ཧྲིལ་པོའི་ལོང་བར་གྱུར་ཚད་མཐོ་ཤོས་དེ་ཡིན་པ་དང་རང་རྒྱལ་གྱི་ལོ་60ནས་89བར་གྱི་མིར་སྐྱ་གྲིབ་ཕོག་ཚད་80%ཙམ་ཟིན་པ་དང་ལོ་90ཡན་ལ་སྐྱ་གྲིབ་ཕོག་ཚད་90%ཡན་ཟིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《“ལོ་ལྔ་ཚན་བཅུ་གསུམ་པར”རྒྱལ་ཡོངས་ཀྱི་མིག་གི་བདེ་ཐང་འཆར་འགོད(2016ནས་2020ལོ་བར)》ནང་རང་རྒྱལ་གྱི་མི་འབོར་ཁྲི་བརྒྱ་ལ་སྐྱ་གྲིབ་གཤགས་བཅོས་བྱེད་ཚད་2020ལོར་སླེབས་སྐབས་2000ཡན་ཟིན་རྒྱུ་ཡིན་ལུགས་བཏོན་ཡོད། སྐྱ་གྲིབ་འགོག་བཅོས་ཆུ་ཚད་དེ་བས་གནད་སྨིན་ཡོང་རྒྱུར་ཚད་འཇལ་བྱེད་པའི་སྟོན་གྲངས་ཤིག་ཡིན་པའི་ངོས་ནས་སྐྱ་གྲིབ་གཤགས་བཅོས་ཁྱབ་ཁྱོན་ནི་སྐྱ་གྲིབ་གཤགས་བཅོས་བྱེད་དགོས་པའི་ནད་པའི་ཁྲོད་སྐྱ་གྲིབ་གཤགས་བཅོས་དང་ལེན་བྱེད་མཁན་གྱི་བསྡུར་གྲངས་ལ་ཟེར་བ་དང་2014ལོར་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སྨན་ཁང་དོ་དམ་ཞིབ་འཇུག་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་9ལ་མིག་ནད་བརྟག་དཔྱད་བྱས་འབྲས་ལས་སྐྱ་གྲིབ་གཤགས་བཅོས་ཁྱབ་ཚད་2006ལོའི་35.7%ནས་2014ལོའི་62.8%བར་མང་དུ་ཕྱིན་པ་མངོན་ཡོད། རྒྱལ་ཡོངས་ཀྱི་སྤྱི་དབང་མིན་པའི་མིག་ནད་ཚན་ཁག་གི་སྨན་བཅོས་སྒྲིག་གཞི་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་ཨེའར་མིག་ནད་ཚན་ཁག་གིས་2017ལོར་རྒྱལ་ཡོངས་ཀྱི་སྐྱ་གྲིབ་གཤགས་བཅོས་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་བཟུང་ཚད་11%ལས་བརྒལ་ཡོད་པ་རེད།
         ཀྲུང་ཧྭ་གསོ་རིག་སློབ་ཚོགས་མིག་ནད་རིག་པའི་ཡན་ལག་ཚོགས་པའི་ཀྲུའུ་རེན་ཨུ་ཡོན་ཡའོ་ཁེ་ཡིས་རང་རྒྱལ་གྱི་སྐྱ་གྲིབ་གཤགས་བཅོས་དེ་ལོང་འགོག་གཤགས་བཅོས་ནས་འོད་ཟེར་ཀྱོག་ཚད་ཀྱི་སྐྱ་གྲིབ་གཤགས་བཅོས་སུ་རིམ་བཞིན་བསྒྱུར་བ་དང་ཆབས་ཅིག་ནུས་པའི་རང་བཞིན་གྱི་མི་ཐབས་ཀྱི་དྭངས་རྫས་མཁོ་འདོན་བྱེད་ཀྱི་ཡོད། མིག་སྔར་འོད་ཟེར་ཀྱོག་ཚད་ཀྱི་སྐྱ་གྲིབ་གཤགས་བཅོས་ལག་རྩལ་རྒྱལ་སྤྱི་དང་སྦྲེལ་མཐུད་ཐུབ་ནས་ནད་པས་རྒྱལ་ནང་དུའང་རྒྱལ་སྤྱིའི་ཆེས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ལོངས་སྤྱོད་ཐུབ་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།