འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་ཁག་དང་པོའི“བློས་འགེལ་ཆོག་པའི་ཤ་ཚལ་གྱི་དཔེ་སྟོན་སྒོ་རྩིས་ཚོང་ཁང”
    31ལ་སྒོ་བྱང་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གིས་ལས་རིགས་ཀྱི་རང་གཅུན་ལ་ཁྲིད་སྟོན་བྱས་པ་བརྒྱུད། ཉེ་ཆར་སྒོ་རྩིས་ཚོང་ཁང་31ལ་པེ་ཅིང་གྲོང་ཁྱེར་མུ་སྦྲེལ་ཚོང་གཉེར་མཐུན་ཚོགས་ཀྱིས་སྒོ་བྱང་སྤྲད་རྗེས་པེ་ཅིང་གྲོང་ཁྱེར་གྱི“བློས་འགེལ་ཆོག་པའི་ཤ་ཚལ་གྱི་དཔེ་སྟོན་སྒོ་རྩིས་ཚོང་ཁང”ཁག་དང་པོར་གྱུར་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁག་དང་པོའི་དཔེ་སྟོན་སྒོ་རྩིས་ཚོང་ཁང་31ཚང་མར་ཤ་ཚལ་རྗེས་སྙེག་གི་མ་ལག་བཙུགས་ནས་ཞིང་ཟོག་ལ་རང་ཉིད་ཀྱི“ཐོབ་ཐང་ལག་ཁྱེར”ལྡན་པར་བྱས་པས། འཛད་སྤྱོད་པས་ཚོང་ཟོག་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་ན་ཞིང་ཟོག་མཁོ་འདོན་ཚོང་པའི་ཆ་འཕྲིན་འདྲི་རྩད་བྱེད་ཐུབ་ཀྱི་ཡོད། ད་དུང་སྒོ་རྩིས་ཚོང་ཁང་ལ་མགྱོགས་མྱུར་གྱི་ཞིབ་བཤེར་སྒྲིག་ཆས་བསྒར་ནས་ཤ་ཚལ་རིགས་ཀྱི་ཚོང་ཟོག་ལ་རང་བཤེར་བྱེད་ཆོག་པ་དང་རང་བཤེར་བྱས་འབྲས་ཚོང་ཁང་དུ་སྟོན་གྱི་ཡོད།
         པེ་ཅིང་གྲོང་ཁྱེར་མུ་སྦྲེལ་ཚོང་གཉེར་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། མཐུན་ཚོགས་ཀྱིས་སྒོ་བྱང་སྤྲད་པའི“བློས་འགེལ་ཆོག་པའི་ཤ་ཚལ་གྱི་དཔེ་སྟོན་སྒོ་རྩིས་ཚོང་ཁང”ལ་བབ་བསྟུན་དོ་དམ་དང་ལོ་ལྟར་བསྐྱར་ཞིབ་བྱ་རྒྱུ་དང་། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཆེ་གྲས་ཐོན་པ་སོགས་སྒོ་བྱང་སྤྲོད་པའི་ཚད་གཞི་དང་མ་མཐུན་པའི་སྒོ་རྩིས་ཚོང་ཁང་གི་སྒོ་བྱང་བསྡུ་རྒྱུ་མ་ཟད་སྤྱི་ཚོགས་ལ་རྒྱུ་རྐྱེན་ཡོངས་བསྒྲགས་བྱ་རྒྱུ་ཡིན། སྒོ་བྱང་བསྡུས་པའི་སྒོ་རྩིས་ཚོང་ཁང་གིས་དག་ཐེར་བྱ་ཐབས་གནད་ལ་འཁེལ་བ་བཏོན་ནས་ལོ་གཉིས་སོང་རྗེས་གཞི་ནས་སླར་ཡང་འདུན་ཞུ་བྱེད་པར་ཞུགས་ཆོག་ཅེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།