འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི"འཕུར་མདའ་གཅིག་དང་སྲུང་སྐར་གཉིས"ཀྱིས་བྱང་སྐར་ཨང་གསུམ་པའི་སྲུང་སྐར་གཉིས་
    ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རང་རྒྱལ་གྱི'འཕུར་མདའ་གཅིག་དང་སྲུང་སྐར་གཉིས'ཀྱིས་བྱང་སྐར་ཨང་གསུམ་པའི་སྲུང་སྐར་གཉིས་
ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང(དེ་བཞིན་རྒྱང་འདུལ་ཨང་དང་པོའི་རིམ་པ་གོང་མ)སྤྱད་དེ“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་རྣམ་པའི་ཐོག་ནས་བྱང་སྐར་ཕྱོགས་སྟོན་སྲུང་སྐར་ཨང་སུམ་ཅུ་པ་དང་། སོ་གཅིག་པ་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ།
         ཟླ་3ཚེས་30ཉིན་གྱི་ཆུ་ཚོད་1དང་སྐར་མ་56ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང(དེ་བཞིན་རྒྱང་འདུལ་ཨང་དང་པོའི་རིམ་པ་གོང་མ)སྤྱད་དེ“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་རྣམ་པའི་ཐོག་ནས་བྱང་སྐར་ཕྱོགས་སྟོན་སྲུང་སྐར་ཨང་སུམ་ཅུ་པ་དང་། སོ་གཅིག་པ་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ་རེད། སྲུང་སྐར་འདི་གཉིས་ཀྲུང་ཡོན་ས་གོ་ལའི་འཁོར་ལམ་སྲུང་སྐར་ཁོངས་སུ་གཏོགས་པ་དང་། རང་རྒྱལ་གྱི་བྱང་སྐར་ཨང་གསུམ་པའི་སྲུང་སྐར་ལག་རྩལ་དྲ་བའི་བྱ་ཐབས་ཀྱི་སྲུང་སྐར་ཨང་བདུན་པ་དང་བརྒྱད་པ་ཡིན་པ་རེད།
         ཆུ་ཚོད་གསུམ་ལྷག་ཙམ་རིང་འཕུར་སྐྱོད་བྱས་པ་བརྒྱུད་འཁོར་ལམ་ཚོད་འཛིན་དང་མཚན་གནས་ཤེས་རྟོགས་ཐུབ་རྗེས་ལས་སྒྲུབ་འཁོར་ལམ་དུ་སླེབས་ཡོད་པ་རེད། རྗེས་མཐུད་ཕྱོགས་བསྡུས་ཚད་ལེན་ཚོད་ལྟ་བྱ་རྒྱུ་དང་འབྲེལ་དེ་གོང་འཕེན་གཏོང་བྱས་པའི་བྱང་སྐར་ཨང་གསུམ་པའི་སྲུང་སྐར་དྲུག་དང་མཉམ་དུ་སྲུང་སྐར་ལག་རྩལ་དྲ་བའི་བྱ་ཐབས་ཐོག་ནས་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད།
         འཆར་གཞི་གཞིར་བཟུང་། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་གིས་2018ལོའི་ལོ་མཇུག་ཏུ“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།