འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡངས་པའི་སྣུམ་ནག་ལམ་གྱིས་ཕྱོགས་མཚམས་སྦྲེལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ།
    ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ།
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན”སྐྲུན་དགོས་ཞེས་ཁ་གསལ་བཏོན་གནང་ཡོད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཞུང་ལམ་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་བོད་ལྗོངས་ནས་འགྲོ་འོང་གི་བགྲོད་ལམ་རིམ་མཐོ་ཅན་དང་མཐའ་སྲུང་གཞུང་ལམ་དང་གྲོང་གསེབ་གཞུང་ལམ་ཤར་གཏོང་ཅན་དུ་འགྱུར་བར་བྱེད་དགོས་ཞེས་བཏོན་ཡོད། ལོ་ལྔ་ཡི་རིང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཆབས་ཅིག མིག་སྔའི་བར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་བཅས་ཀྱིས་གཙོས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་སྤྱིའི་ཆ་ནས་གྲུབ་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཕྱིན་པ་དེས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དཀའ་ངལ་ཞི་ལྷོད་དུ་སོང་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།