འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱིས་དཔྱ་ཁྲལ་ཆག་ཡང་བཏང་ཚད་སྒོར་དུང་ཕྱུར་3800ལྷག་ཙམ་མང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཚེས་30ཉིན་པེ་ཅིང་དུ“ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཁེ་ལས་རིགས་ཁོངས་ཀྱི་འཐུས་མི་གདན་ཞུ་བྱས་ནས་ཁྲལ་བསྡུའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་དང་ཁྲལ་བསྡུའི་ཁེ་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཐབས་ཇུས་བཟང་པོ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་དང་སྦྲགས་དེ་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་27པ་དེ་འགོ་ཚུགས་ཤིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝང་ཅུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་པས་2017ལོ་ཁོ་ནར་དཔྱ་ཁྲལ་ཆག་ཡང་བཏང་ཚད་སྒོར་དུང་ཕྱུར་3800ལྷག་ཙམ་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།