འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུའི་མཁོ་ཚོང་མཉམ་ལས་ཁང་གིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཐོན་ཟོག་འཁོར་རྒྱུག་
    དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཚོང་དོན་པུའི་གཞུང་དོན་ཐིང་དང་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་མཉམ་དུ་《འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ཟོག་འཁོར་རྒྱུག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས་གྲོང་གསེབ་ཀྱི་ཐོན་ཟོག་འཁོར་རྒྱུག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་རོགས་རམ་བྱེད་དགོས་པ་བསྟན་ཡོད།
         《བརྡ་ཐོའི་》ནང་། ལས་འགན་གཙོ་བོ་ཕྱོགས་བཞིའི་ཐད་ནས་བཏོན་པ་སྟེ། གཅིག་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་མྱུར་ཡོང་བ་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་དང་། གཉིས་ནས་ཞིང་ལས་ཐོན་ཟོག་འཁོར་རྒྱུག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་ཞིང་ལས་ཐོན་ལས་དར་རྒྱས་ཡོང་བ་བྱ་རྒྱུ། གསུམ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱ་རྒྱུ། བཞི་ནས་བསྐྱར་སྐྱེས་ཐོན་ཁུངས་ཕྱིར་བསྡུའི་དྲ་བ་བཙུགས་ཏེ་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།
         《བརྡ་ཐོའི་》ནང་། ས་གནས་ཀྱི་ཚོང་དོན་གཙོ་འགན་དོ་དམ་སྡེ་ཚན་དང་མཁོ་ཚོང་མཉམ་ལས་ཁང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་ཡག་པོ་ཡོང་བའི་སྒོ་ནས་སྲིད་ཇུས་ཁག་དང་ཟུང་འབྲེལ་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་དགོས་པའི་བླང་བྱའང་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།