འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་སྐྱེལ་འདྲེན་པུས་2020ལོར་སླེབས་སྐབས་འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་
    རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་སྤྱོད་ཐུབ་པ་བྱ་རྒྱུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔའི་བར། རྒྱལ་ཡོངས་སུ་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་190འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་ཕན་ཚུན་སྦྲེལ་མཐུད་རགས་ཙམ་བྱུང་ནས་ཕན་ཚུན་སྦྲེལ་མཐུད་ཤོག་བྱང་ཁྲི་1300བཀྲམ་པས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ། ཀྲུའུ་ཅང་ཟུར་གསུམ། འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་ལ་ཁྱབ་པའི་སྤྱི་སྤྱོད་རླངས་འཁོར་དང་། ས་འོག་ལྕགས་ལམ། བོགས་གཏོང་རླངས་འཁོར། སྤྱི་པའི་རྐང་འཁོར་བཅས་དང་དེ་བཞིན་གྲུ་ཁ་བཅས་སུ་སྤྱོད་རྒྱུ་རེད། འདི་ནི་ཚེས་29ཉིན་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྐྱེལ་འདྲེན་ཞབས་ཞུ་སིའི་སྐོར་གཟིགས་པ་ཝང་ཧྲུའེ་ཕིང་གིས་2018ལོར་འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་ཕན་ཚུན་སྦྲེལ་མཐུད་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་ལོ་མཇུག་གོང་གྲོང་ཁྱེར་220ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུ་མ་ཟད། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་སྦྲེལ་མཐུད་སྤྱིར་ན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
         འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་ཀྱིས་མི་སེར་གྱི་འགྲུལ་བཞུད་ལ་སྔར་བས་སྟབས་བདེ་བསྐྲུན་ཆེད། ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་《འགྲིམ་འགྲུལ་གཱ་གཅིག་ཀུན་འཐུས་གཉེར་སྐྱོང་ཞབས་ཞུའི་སྤུས་ཚད་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ་མ་ཟད། ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།