འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་ཡོངས་ཀྱིས"གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་
    འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར"ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་སྒྲིག་འཛུགས་བྱས་པའི“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དབུས་རྒྱུད་བཀོད་འཐབ་ཁུལ་སྐམ་དམག་ཧྲི་ཞིག་ཏུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དམག་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་དུས་གཅིག་ཏུ་སྤེལ་བ་ནི་དམག་དོན་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ལག་བསྟར་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་རེད།
         འགོ་ཚུགས་མཛད་སྒོ་ཧྲིའི་ཐོན་ཞིག་གི་ཚ་ཁ་བལྟ་སར་གཉེར་བ་རེད། དཔུང་སྡེའི་དྲིལ་བསྒྲགས་སྡེ་ཚན་གྱི་འགོ་ཁྲིད་དང་དེ་བཞིན་དམག་དཔུང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་རྩོམ་སྒྲིག་པ་དང་གསར་འགོད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2018ལོའི་སྦྱོང་བརྡར་འགོ་ཚུགས་ཀྱི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་བཀའ་ཡིག་བསྐྱར་དྲན་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ཚ་ཚ་འུར་འུར་ངང་དམག་སྦྱོང་དང་དམག་གྲབས་བྱས་ཚུལ་ལ་བལྟས་པ་རེད། ཚང་མས“དམག་དཔུང་སྟོབས་ཆེར་བཏང་ནས་རྒྱལ་ཁ་ལེན་རྒྱུར་ལྕག་སྐུལ་དང་འབོད་སྐུལ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་དམག་དོན་གསར་འགོད་པའི་འགན་འཁྲི་གཙོ་བོ་ཡིན་པས། དཔུང་སྡེས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱས་ནས་དམག་དཔུང་ཧྲག་པོར་འགྱུར་བར་སྦྱོང་བརྡར་བྱེད་པའི་རྣམ་པ་གསར་རྐྱང་ཞིག་བཏོད་དེ་དཔུང་སྡེའི་དམག་སྦྱོང་དང་དམག་གྲབས་ཀྱི་རྣམ་པ་ཟབ་མོ་ང་ཚོས་གང་ལེགས་མཚོན་པར་བྱ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་པའི་ངང་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།