འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་འདེབས་སྔོ་ཚལ་ཉོ་ཚོང་ཐབས་ལམ། 

    —— བོད་ལྗོངས་ཤར་རྒྱུད་ཀྱི་མེ་ཏོག་ལ“དགུན་ཁ་ཚལ་བཏབས”ནས་ཚོང་ལམ་བཏོད་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་ཟླ་ར་བར་མེ་ཏོག་གི་ཐོག་ཁེབས་དམར་སྔོན་འདྲེས་མའི་མོན་པའི་གྲོང་སྡེ་སྔོ་ཐིང་ཐིང་གི་ཞིང་ཁའི་གསེབ་ནས་འདྲེན་བྱེད་ལམ་དུ་གསལ་ལེར་མངོན་པ་དང་། ཐག་རིང་དུ་ན་བུན་སྲབ་མོས་འཁྲིགས་ཏེ་ཇ་ལོའི་སྡོང་པོའི་སྐྱེ་སྟོབས་འབར་བ་ནི་སུམ་རྩེན་མི་ཡུལ་དུ་འཕོས་པ་ལྟ་བུར་སྣང་།
         ཁྱིམ་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོར་ཡོད་པའི་མོན་པའི་བུ་མོ་དབྱངས་ཅན་ལྷ་མོས་སྨྱུག་སླེ་ཞིག་ཁྱེར་ནས་རང་ཁྱིམ་གྱི་ཞིང་ཁར་སྔོ་ཚལ་འཐུ་བཞིན་པ་མཐོང་བྱུང་། ཁོང་གིས“ན་ནིང་ཟླ་བཅུ་པར་ཆུ་འབྲས་བསྡུས་རྗེས་ཡང་ཞིང་ཁར་སྔོ་ཚལ་བཏབས་ནས་ཟླ་ཕྱེད་རེར་ཐེངས་རེ་བྱུང་བས་རང་ཁྱིམ་ལ་ཕྲན་བུ་བཞག་པ་ཕུད་ཕལ་ཆེ་བ་ཁྲོམ་རར་བཙོངས་པ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།
         མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ཤར་ལྷོའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་པ་དང་། ས་བབ་དམའ་ཞིང་གནམ་གཤིས་བཞའ་ཚན་ཆེ་བར་བརྟེན “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས། ལོ་ལྟར་གྱི་ཟླ་བཞི་པ་ནས་ཕྱི་ལོའི་ཟླ་དགུ་པའི་བར། ཆུ་འབྲས་འདེབས་པའི་དུས་ཚོད་ཡིན་པ་དང་། དེ་ནས་འབྲས་ཞིང་ལ་གང་ཡང་མི་འདེབས་པར་ལོ་ཕྱེད་ཙམ་བསྙལ་ནས་འཇོག་གི་ཡོད།
         བསྙལ་ནས་བཞག་པའི་འབྲས་ཞིང“ནོར་བུར”སྒྱུར་ཐབས་ཇི་ལྟར་བྱེད་པའི་ཐད། 2016ལོར་མེ་ཏོག་ཏུ་སླེབས་པའིཀོང་ཏུང་ཧྥུའུ་ཧྲན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་བརྟག་དཔྱད་གང་ལེགས་བྱས་པ་བརྒྱུད་ཐབས་བཟང་ཞིག་རྙེད།
         “དེ་གར་དགུན་དུས་སུ་ཆར་ཆུ་ཉུང་ནའང་། ཉི་འོད་ཕོག་ཡུན་རིང་བ་དང་གནམ་གཤིས་དྲོ་བའི་ཁར་ས་འོག་གི་ཆུ་འབེལ་བས་སྔོ་ཚལ་འདེབས་རྒྱུར་འཚམ་པོ་ཡོད། གལ་སྲིད་སྔོ་ཚལ་བཏབ་ཚེ་ས་རྒྱུ་སྤྱོད་ཚད་མཐོ་རུ་སོང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་མ་ཐེབས་ཐུབ”ཅེས་མེ་ཏོག་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བོད་སྐྱོར་ལས་བྱེད་པ་ལའེ་མིང་ཅན་གྱིས་དེ་ལྟར་བཤད།
         ཕྱོགས་གཅིག་ནས་འབྲས་ཞིང་བསྙལ་ནས་འཇོག་པ་དང་། ཕྱོགས་གཞན་ཞིག་ནས་ལས་བྱེད་པ་དང་མང་ཚོགས་ལ་སྔོ་ཚལ་གྱི་རིན་གོང་མཐོ་བས་བཟའ་རྒྱུ་དཀོན་པའི་དཀའ་ངལ་འཕྲད་ཀྱི་ཡོད། ལའེ་མིང་ཅན་གྱིས་དེ་སྔོན་ཁྲོམ་རར་བརྟག་དཔྱད་བྱེད་སྐབས་དེ་གའི་སྔོ་ཚལ་མང་པོ་ཞིག་ཕྱི་ནས་དབོར་བ་དང་རྒྱ་མ་རེར་ཆ་སྙོམས་སྒོར་དྲུག་ཡན་ཟིན་པས་ནང་ས་ལས་གོང་མཐོ་བ་ཡོད་པ་ཤེས་བྱུང་། “ངས་གྲོང་ཚོའི་མང་ཚོགས་ལ་སྔོ་ཚལ་འདི་དག་གང་ནས་ཁྱེར་ཡོང་བ་ཡིན་ནམ་ཞེས་འདྲི་སྐབས། ཁོང་ཚོས་རི་ནས་བཀོག་པ་རེད། ལས་ལ་བརྩོན་པའི་མིས་ཁང་པའི་རྒྱབ་མདུན་ལ་བཏབ་པས་མང་པོ་དེ་ཙམ་མེད་ཅེས་བཤད་བྱུང”
         ལོ་དེའི་ལོ་མཇུག་ཏུ། ལས་དོན་ཚོགས་ཆུང་སི་ཁྲོན་དང་ཀོང་ཏུང་སོགས་ལ་སྔ་རྗེས་སུ་བསྐྱོད་དེ་ལོ་སྒོར་པད་ཚལ་དང་། པད་ཚལ། སྐེ་ཚེ། རྡུ་ལུ་མ་སོགས་སྣེ་ཁ་ཉེར་ལྔའི་སོན་རྒྱ་མ་1300ལྷག་ཉོས་ནས་ཤང་དང་གྲོང་རྡལ་སོ་སོར་སྤྲད་པ་དང་སྦྲགས། ལག་རྩལ་ནས་རོགས་རམ་བྱས་ཏེ་མང་ཚོགས་ལ“དགུན་ཁ་ཚལ་འདེབས་རྒྱུར”ལྕག་སྐུལ་བཏང་ཞིང་། ཚོད་ལྟ་བྱས་པའི་རྫོང་མཁར་ཉེ་འགྲམ་གྱི་ཡ་གདུང་གྲོང་ཚོའི་མང་ཚོགས་ཐེམ་དུད་54ཡིས་སྔོ་ཚལ་སྣ་ཚོགས་མུའུ་54སྔོན་ལ་བཏབ་པ་རེད།
         ལོ་ཕྱེད་ཙམ་ཚོད་འདེབས་བྱས་པ་བརྒྱུད། “དགུན་ཁ་ཚལ་བཏབ་པར”ཕན་འབྲས་བཟང་པོ་ཐོན་ནས་མང་ཚོགས་དུད་ཚང་54ལ་ཆ་སྙོམས་འབབ་འཕར་སྒོར་4000ལྷག་བྱུང་བ་མ་ཟད། དུད་ཚང་དབུལ་པོ་8དབུལ་པོའི་གནས་ལས་སྒྲོལ་བར་སྣེ་ཁྲིད་ཀྱང་ཐུབ་ཅིང་། ཡ་གདུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཁྲུའུ་ཀྲའོ་ཅུན་གྱིས་ན་ནིང་གྲོང་ཚོ་ཡོངས་སུ“དགུན་ཁ་ཚལ་འདེབས་ཁྱོན”མུའུ་300བར་མང་དུ་བཏང་ནས་དུས་ཚིགས་དང་པོར་སྔོ་ཚལ་བཙོངས་ཏེ་ཐེམ་དུད་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་བྱུང་བ་དང་། དུས་ཚིགས་གཉིས་པའི་སྔོ་ཚལ་བཏབ་ཟིན་ནས་སྐྱེ་ཚུལ་ཡག་པོ་འདུག་ཅེས་ངོ་སྤྲོད་བྱས།
         མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཞེ་གོ་ཀའོ་ཡིས“‘དགུན་ཁ་སྔོ་ཚལ་འདེབས་པའི’རྣམ་གྲངས་རྫོང་ཡོངས་ཀྱི་གྲོང་ཚོ་46ལ་ཁྱབ་གདལ་བཏང་བས་དེ་གའི་མང་ཚོགས་སྔར་ལས་མང་བས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད‘དགུན་འདེབས་སྔོ་ཚལ’ལས་ཡོང་འབབ་ཡོང་བའི་ཡིད་ཆེས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།