འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཞུང་ལས་པ་དང་བྱ་གཞག་ཚན་པས་རྒྱུགས་བསྡུ་གཞི་རིམ་ལ་ཕྱོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོར། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལས་པ་དང་བྱ་གཞག་ཚན་པས་མི་6528རྒྱུགས་བསྡུ་བྱས་པ་དང་། ལས་ཐོག་མི་སྣ་བསྡུས་པ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བསྡོམས་འབོར་གསར་སྣོན་གྱི་་10.7%བཟུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གཞུང་ལས་པའི་རྒྱུགས་བསྡུའི་ནང་། བོད་རིགས་ས་ཁུལ་གྱི་ཀྲོའུ་དེ་གའི་ཐེམ་ཐོའི་རྒྱུགས་བསྡུའི་སྡུར་ཚད་2013ལོ་ལས་10%འཕར་བ་དང་། རྫོང་དང་ཤང་གྲོང་གི་རྒྱུགས་བསྡུར་ཡོངས་བསྒྲགས་ངང་བསྡུ་བའི་སྡུར་ཚད་ཀྱི་བླང་བྱ་མེད་པར་རྒྱུགས་སྤྲོད་སློབ་མས་གཞི་རིམ་གྱི་ལས་གནས་ལ་ཐོ་འགོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ། གཞི་རིམ་གྱི་རྒྱུགས་བསྡུའི་འཆར་གཞི་མ་འགྲུབ་པ་རྣམས་ལ་སྙོམ་སྒྲིག་གསབ་བསྡུའི་ཐབས་ལམ་སྤྱད་པ་རེད། བྱ་གཞག་ཚན་པའི་མི་སྣ་གདན་ཞུ་བྱེད་རིང་། ཀྲོའུ་ཁག་གི་ལོ་འཁོར་གྱི་འཆར་ཅན་གདན་ཞུའི་80%ཡན་གྱི་ལས་གནས་བཀོད་སྒྲིག་ཀྲོའུ་དེ་རང་ནས་གདན་ཞུ་བྱེད་པར་ཕྱོགས་ཡོད། སློབ་གྲྭ་འབྲིང་ཆུང་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཕུད། ཤང་གྲོང་བྱ་གཞག་ཚན་པས་དགོས་མཁོ་གཞིར་བཟུང་རྫོང་དེ་རང་གི་ཐེམ་ཐོར(ཡང་ན་སྐྱེ་ཁུངས)ཕྱོགས་ནས་བསྡུ་ཆོག
         དེ་དང་དུས་མཚུངས། སྔར་ཡོད་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་ལོའི་ཚད་བཀག་སྔར་བས་ལྷུག་ཏུ་དང་། སློབ་རྒྱུས་ཀྱི་ཚད་བཀག་དམའ་རུ། ཆེད་ལས་ཀྱི་ཚད་བཀག་ཉུང་དུ། རྒྱུགས་བསྡུའི་ཚད་བཀག་དམའ་རུ་བཅས་བཏང་བ་རེད། རང་བརྟེན་གདན་ཞུའི་ཚན་པས་ཞིང་ཆེན་ཡོངས་ཀྱི་གདན་ཞུའི་ཡིག་རྒྱུགས་དུས་ཚོད་ཀྱི་ཚད་བཀག་ལ་བསྟུན་མི་དགོས་པར་འབུམ་རམས་པ་ཡོང་ན་གདན་ཞུ་བྱེད་རྐྱང་དང་། རབ་འབྱམས་པ་ཞིབ་དཔྱད་གདན་ཞུ། མཁོ་གལ་ཆེ་བའི་ཤེས་ལྡན་མི་སྣའི་གོ་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།