འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《ཨ་མའི་པགས་ཚག་》གི་གཞས་གདངས་རྩོམ་མཁན་བཀྲ་ཤིས་སྟོབས་རྒྱལ་གྱིས་བོད་རིགས་
    རིག་གནས་ཀྱི་གསོན་ཤུགས་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་སྟོབས་རྒྱལ་གྱི་ལུས་ཐོག་ནས་དྲོ་སྐྱིད་དང་རིག་རྩལ་གྱི་རྣམ་པ་ཞིག་མངོན་གྱི་འདུག
         “ཀྲུང་ཧྭ་རིག་གནས་ཀྱི་འཕེལ་རྒྱས་དང་དར་རྒྱས་གཏོང་བར་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད”ཡུལ་ཤུལ་གླུ་གར་ཚོགས་པའི་ཚོགས་གཙོ་མ་བྱས་གོང་བཀྲ་ཤིས་སྟོབས་རྒྱལ་ནི་གྲགས་ཅན་གྱི་གཞས་གདངས་རྩོམ་མཁན་ཞིག་རེད། ཁོང་གིས་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་》དང་། 《ཡུལ་ཤུལ། ངའི་ཕ་ཡུལ་》 《ཨ་མའི་པགས་ཚག་》སོགས་གླུ་གཞས་བརྩམས་ཡོད། ཁོང་གིས་བརྩམས་ཆོས་དེ་དག་ནང་ཡུལ་ཤུལ་གྱི་གདོད་མའི་སྣོད་བཅུད་ཀྱི་དམངས་གཞས་ཀྱི་ཉམས་འགྱུར་ཡོད་ལ། བོད་རིགས་མང་ཚོགས་ཀྱི་བབ་ཆགས་པའི་བརྩེ་དུང་གི་སྐོར་ཡང་ཡོད་ཅེས་གསུངས་པ་རེད།
         བཀྲ་ཤིས་སྟོབས་རྒྱལ་གྱིས་དམངས་གཞས་དེ་དག་ཡུལ་ཕྱོགས་གང་སར་ཁྱབ་ཡོད་པས། སྣོད་བཅུད་ལ་སྲུང་སྐྱོང་བྱེད་པ་དང་སྦྲགས། དམངས་གཞས་བསྡུ་རུབ་དང་ལེགས་སྒྲིག་ལ་སྣང་ཆེན་བྱས་ཚེ། བོད་རིགས་རིག་གནས་ཀྱི་གསོན་ཤུགས་སྲུང་སྐྱོང་ལ་ཕན་ཐོགས་ཡོད་པ་མ་ཟད། ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུའང་འགྱུར་ཐུབ་ཅེས་གསུངས་པ་རེད།
         བཀྲ་ཤིས་སྟོབས་རྒྱལ་ད་ཐེངས་ཚོགས་འདུར་ཞུགས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་བྱེད་པ་དང་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་ཡོད། ད་ཕན་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་མོད། འོན་ཀྱང་ཡུལ་འདིའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་ལས་དོན་མང་པོ་ཞིག་སྒྲུབ་དགོས་ཀྱི་ཡོད། “དམངས་སྲོལ་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིག་གནས་ཀྱི‘བླ་སྲོག’ཡག་པོ་བསྲུངས་ཚེ། གཙང་གསུམ་ཆུ་འགོ་དེ་བས་གསོན་ཤུགས་ལྡན་པ་ཞིག་ཡོང་ཐུབ”ཅེས་བཀྲ་ཤིས་སྟོབས་རྒྱལ་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།