འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ལྟེ་བར་བྱས་ནས་དུས་རབས་གསར་པའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་དགོས། 

    བཅར་འདྲི་དང་ལེན་གནང་མཁན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་། ཀེ་ཏའོ་ཁའེ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སྒྱུར་བ་དང་བསྟུན་ནས་མི་དམངས་ལ་དྲང་སྙོམས་སྤུས་ལེགས་ཀྱི་སློབ་གསོ་མཁོ་ཚད་དེ་བས་ཆེ་རུ་ཕྱིན་ཡོད། ཞིབ་ཕྲ་བརྗོད་ན། གཅིག་ནས་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་དེ་བས་སྐུལ་འདེད་གཏིང་ཟབ་གཏོང་དགོས། མི་རྩ་བར་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་རང་ངོས་དང་འཚམ་པའི་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དེ་ཡང་གཞི་རྩའི་སློབ་གཉེར་ཆ་རྐྱེན་དེང་རབས་ཅན་དུ་འགྱུར་རྒྱུ་ཁོ་ན་མིན་པར་ད་དུང་འཕེལ་རྒྱས་རང་བཞིན་གྱི་སྲིད་ཇུས་མ་ལག་དང་། མི་དམངས་ལྟེ་བར་བྱེད་པའི་ཞབས་ཞུའི་འདུ་ཤེས། སྤྱི་ཚོགས་ལ་ཁྲིད་སྟོན་བྱེད་པའི་བསམ་བློའི་རིག་གནས་ཀྱི་དར་སྲོལ་བཅས་ཚུད་ཡོད། གཉིས་ནས་སློབ་གསོའི་ལས་སྒོ་དང་སློབ་གསོའི་ཏང་འཛུགས་སྐྱོང་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ། སློབ་གསོའི་ལྷུ་ཚིགས་ཁག སློབ་གསོ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བཅས“མིག་མངས་འགྲིག་སྐོར་གཅིག”ལྟར་སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གསུམ་ནས་སློབ་གསོས་རྒྱལ་སྲིད་སྐྱོང་ལུགས་ལ་ཞབས་འདེགས་ཞུ་བའི་འགན་ནུས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ང་ཚོས་ད་དུང་སྤྱི་ཚོགས་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་སློབ་གསོའི་ནང་ཞུགས་རྒྱུ་སྐུལ་སློང་བྱས་ཏེ་སློབ་གསོ་རང་འགུལ་ངང་སྤྱི་ཚོགས་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།