འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཨ་ལའེ་ཡིས"དྲ་རྒྱའི་རྩོམ་རིག"གླེང་ནས"རྒྱུག་འབོར"ལ་བརྟེན་ནས"སྤུས་ཚད"
    ཞན་དུ་གཏོང་མི་རུང་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “རིག་རྩལ་གསར་རྩོམ་ཕུན་སུམ་ཚོགས་སུ་གཏོང་བ”དང“དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་པ་དེ་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་ཡོད། དྲ་རྒྱའི་རྩོམ་རིག་གསར་རྩོམ་དང་བརྒྱུད་བསྒྲགས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་བའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལའེ་ཡིས་དྲ་རྒྱའི་རྩོམ་རིག་དེ་འབོར་ཚད་དང་ལྟ་ཚད་ཁོ་ན་དོན་གཉེར་མི་བྱེད་པར་སྒྱུ་རྩལ་གསར་རྩོམ་གྱི་འབྱུང་རྩར་དོ་སྣང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ཉེ་བཅར་བྱེད་དགོས་ཞེས་བརྗོད།
         ཨ་ལའེ་ཡིས་ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་རྩོམ་རིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། རྩོམ་རིག་རྩེ་གྲ་ཐོན་ཧ་ཅང་ཉུང་ཉུང་རེད། གསར་རྩོམ་པ་ཁག་གཅིག་གིས་འབོར་ཚད་ཁོ་ན་དོན་གཉེར་བྱས་ཏེ་དྲ་རྒྱའི་ལག་རྩལ་གྱི་ལེགས་ཆར་བརྟེན་ནས“ལྟ་ཚད”མང་དུ་གཏོང་རྒྱུ་གཙོ་གནད་དུ་བརྩི་གི་ཡོད་ཅེས་བརྗོད།
         ཨ་ལའེ་ཡིས་རིག་རྩལ་ལས་དོན་པ་ཞིག་གི་ངོས་ནས་རང་ཉིད་གཅིག་པུར་དོ་སྣང་བྱ་རྒྱུ་ཐལ་དྲགས་རྒྱུ་མེད་པར། ངེས་པར་དུ་མི་དམངས་མང་ཚོགས་ཁྲོད་དུ་རྩ་བ་བཙུགས་ཏེ་དངོས་ཡོད་ཀྱི་འཚོ་བར་ཟབ་འཇུག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གིས“རྒྱལ་ཁབ་གང་འདྲ་ཞིག་དང་། དུས་རབས་གང་འདྲ་ཞིག རིགས་གང་འདྲ་ཞིག་གི་སྒྱུ་རྩལ་ཡིན་རུང་ཚང་མས་སྤྱི་ཚོགས་ཡར་རྒྱས་ཁྲོད་ནུས་པ་འདོན་དགོས། ལྷག་པར་དུ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་གཅིག་སྒྲིལ་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས”ཞེས་བརྗོད་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།