འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"མངའ་རིས་ཀྱི་འཆར་གཞི"2020ལོར་ལྟ་དཔྱད་ཚད་འཇལ་བྱ་རྩིས་ཡོད་པ། 

    མཚོ་བོད་ས་མཐོར་འགུག་ཤུགས་རླབས་ལ་དཔྱད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཤིན་མིན་གྱིས་2017ལོའི་ཟླ་3པར་རང་རྒྱལ་གྱིས་ས་བབ་མཐོ་ཚད་སྨི་5250ཟིན་པའི་བོད་ལྗོངས་མངའ་རིས་སུ“མངའ་རིས་ཀྱི་འཆར་གཞི”ལག་ལེན་བསྟར་འགོ་ཚུགས་པ་སྟེ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་འགུག་ཤུགས་རླབས་ཀྱི་ལྟ་དཔྱད་ཚད་འཇལ་ས་ཚིགས་བསྐྲུན་པ་དེ་རེད། རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡིན་པ་དང་། དུས་ཐེངས་དང་པོའི་ལྟ་དཔྱད་ཚད་འཇལ་ཚང་གི་ལས་གྲྭ་ཨ་མ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད་ཅེས་གསུངས།
         “‘མངའ་རིས་ཀྱི་འཆར་གཞི’2020ལོ་ནས་ལྟ་དཔྱད་ཚད་འཇལ་བྱ་རྩིས་ཡོད་པ་དང་2022ལོར་གྲུབ་འབྲས་ཐོབ་རྒྱུ་རེད། ང་ཚོས་བྱང་ཕྱོགས་མཁའ་དབྱིངས་འཇིག་རྟེན་ཁམས་ཀྱི་རླབས་ཕྲན་འགྱེད་འཕྲོའི་རི་མོ་ཡག་ཤོས་ཤིག་ལྟ་དཔྱད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འགུག་ཤུགས་རླབས་ནི་འཇིག་རྟེན་ཁམས་ཆགས་སྐབས་ཐོན་པའི་འགུག་ཤུགས་རླབས་ཤིག་ཡིན་སྟབས་འཇིག་རྟེན་ཁམས་འབྱུང་ཁུངས་ཀྱི་གསང་བ་ལྡན་ཡོད”ཅེས“མངའ་རིས་ཀྱི་འཆར་གཞིའི”དབུ་བཞུགས་ཚན་རིག་མཁས་ཅན་ཀྲང་ཤིན་མིན་གྱིས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།