འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཤང་ཆའོ་ཡིས་C919ཡི་འཕྲུལ་འཁོར་ཨ་མའི་འགག་རྩའི་ལག་རྩལ་ཆ་ཤས་ལ་
    གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་གྱི་ཆེད་དོན་གལ་ཆེན་གྱི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་ཡོན་ཧྲེ་ཤང་ཆའོ་ཡིས་C919འཆར་གཞི་ལྟར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་ལ། འཕྲུལ་འཁོར་ཨ་མའི་འགག་རྩའི་ལག་རྩལ་ཆ་ཤས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་པ་རེད།
         ཁོང་གིས“འཕྲུལ་འཁོར་ཨ་མའི་གནས་ཚུལ་ལ་བལྟས་ན། ང་ཚོའི་བློ་ཡིད་ཚིམ་པ་མ་ཟད། ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང་། མཁའ་འགྲུལ་སྒུལ་ཤུགས་ལག་རྩལ་སྟོབས་ཆེར་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་དང་མཚོན་ཚུལ་ཞིག་རེད་ལ་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་བཙུགས་ནས་ལོ་ཕྱེད་སོང་ཚུན“འཕྲུལ་གཉིས”ཆེད་དོན་རྣམ་གྲངས་ལ་སྐུལ་འདེད་བཏང་བ་བརྒྱུད་ལོ་རྒྱུས་ཀྱི་དུས་སྐབས་གང་རུང་ལས་ང་ཚོས་རང་ནུས་ལ་བརྟེན་ནས་སྔོན་ཐོན་གྱི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཞིབ་བཟོ་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་དམིགས་ཚད་དང་ཐག་ཇེ་ཉེར་སོང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།