འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུ་དངོས་སྤྲོད་པ་ལས་ཀྲི་པུའུ་ཡག་པོ་ཞིག་བཙུགས་ན་དགའ"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། “རྒྱུ་དངོས་སྤྲོད་པ་ལས་ཀྲི་པུའུ་ཡག་པོ་ཞིག་བཙུགས་ན་དགའ”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་གྲོང་ཁྱེར་རུང་ཁྲང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཆིང་ཡའོ་ཡིས་བཤད་པ་རེད།
         “གྲོང་གསེབ་ཀྱི་སློབ་གསོ་ནི་གྲོང་གསེབ་དར་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཧོའེ་དབྱང་རྫོང་ཤུས་དབོན་ཤང་ལི་ལིང་ཕུགས་རེའི་སློབ་ཆུང་གི་སློབ་སྤྱི་ལི་ལིང་གིས་བཤད་པ་རེད།
         “མིག་སྔའི་སློབ་ཕྱིའི་གསོ་སྦྱོང་རྒྱལ་ཡོངས་སུ་སྤྱིར་ན་ཁྱབ་ཡོད་ཅེས་བརྗོད་ན་ཆོག དེས་སློབ་མ་དང་ཁྱིམ་བདག་ལ་ཁུར་པོ་ལྕི་པོ་བཟོས་པ་མ་ཟད་སེམས་ཁྲལ་ཡང་བཟོས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་གྲོང་ཁྱེར་ཅོའུ་ལུང་ཕོའོ་ཆུས་ཞེ་ཅ་དབོན་སློབ་ཆུང་གི་སློབ་སྤྱི་ལིའུ་ཤིས་ཡ་ཡིས་བཤད་པ་རེད།
         “རྨང་གཞིའི་སློབ་གསོ་ནི་སློབ་མ་ཡག་སྡུག་དབྱེ་བ་ཞིག་མིན་པར། ཕྲུ་གུ་ཚང་མ་འཕེལ་རྒྱས་ཡག་པོ་ཡོང་ཆེད་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲང་ཧའེ་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དབྱིན་ཅེ་ཡིས་བཤད་པ་རེད།
         “མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་ཁག་ནི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས། ཁྱེད་ཁྲོད་བདག་ཡོད་པ་དང་བདག་ཁྲོད་ཁྱེད་ཡོད་པ་བཅས་ཡིན་པས། ཕན་ཚུན་ཁ་འབྲལ་ཐབས་མེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་དང་པོའི་ཐོན་13པའི་ལན་11པའི་ལས་བཟོ་ཡིའུ་ལེའང་དབྱིན་གྱིས་བཤད་པ་རེད།
         “སྨན་པ་དང་ནད་པའི་དབར་ཚེ་སྲོག་གི་འབྲེལ་བ་ཡོད་པས། སྨན་པས་ཚེ་སྲོག་ཚང་མ་སྐྱོབ་ཐུབ་པའི་ནུས་པ་མེད་རུང་། གང་ཐུབ་ཅི་ཐུབ་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྒྱལ་སའི་གསོ་རིག་སློབ་ཆེན་ཤོན་ཝུའུ་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ལིན་ཧྥུང་གིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།