འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིར་དཔྱིད་གསར་མཉམ་དུ་རོལ"ཡོ་རོབ་ཏུ་བསྐྱོད་པའི་
    བྱེད་སྒོ་མི་ལན་དུ་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“རིག་གནས་ཀྱི་ཀྲུང་གོ ·ཕྱོགས་བཞིར་དཔྱིད་གསར་མཉམ་དུ་རོལ”ཡོ་རོབ་ཏུ་ཕྱིར་སྡོད་སྤུན་ཟླར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་ཚོགས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་3དང་གྲོང་ཁྱེར་5ཡི་འཁྲབ་སྟོན་བྱེད་ཐེངས་མཇུག་ཤོས་དེ་ཚེས་6ཉིན་གྱི་མཚན་མོ་དབྱི་ཐ་ལིའི་མི་ལན་གྱི་ཟླ་འོད་ཟློས་གར་ཁང་དུ་ལྟད་མོ་ཆེ་བའི་སྒོ་ནས་མཇུག་འགྲིལ་བ་རེད།
         ད་ཐེངས་ཡོ་རོབ་ཏུ་ཕྱིར་སྡོད་སྤུན་ཟླར་འཚམས་འདྲི་ཞུ་བའི་འཁྲབ་སྟོན་ཚོགས་པ་དེ་ཀྲུང་གོ་ལྕགས་ལམ་རིག་རྩལ་ལས་དོན་ཚོགས་པས་འགན་འཁུར་བ་དང་ཟླ་2ཚེས་17ཉིན་པེ་ཅིང་ནས་རྡོག་ཐོན་བྱས་ཏེ་དབྱིན་ཇིའི་ལོན་ཏོན་དང་། ཅན་ཆའོ། མན་ཁྲེ་སི་ཐེ་བཅས་དང་ཧྥ་རན་སེའི་ཕ་རི་སིར་འཁྲབ་སྟོན་ཐེངས་5བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།