འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དུས་ཆེན་གཉེར་ནས་འཕེལ་རྒྱས་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས“སྤུ་ཕྲུག་ལྷ་ཡི་ཕྱག་རྩལ། ཐཌ་སུ་མཛེས་པའི་གྲ་ནང”ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྣམ་བུའི་རིག་གནས་དུས་ཆེན་གཉེར་བ་བརྒྱུད། རིག་གནས་གྲགས་ཅན་རྫོང་དང་ཐོན་ལས་སྟོབས་ཆེན་རྫོང་གི་ཕྱོགས་སུ་རིམ་བཞིན་བསྐྱོད་པ་རེད། དེ་དང་ཆབས་ཅིག་ལྷ་ས་དང་ལྷོ་ཁ་གཉིས་གཞི་གཅིག་ཅན་དང་གཙང་པོའི་རྒྱུད་ཀྱི་མ་དངུལ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་བཏང་བའི་ཐོན་ལས་བར་ཁྱམས་འཛུགས་སྐྲུན་སོགས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་བཟུང་བྱས་པ་བརྒྱུད་རིག་གནས་ཀྱིས་སྣེ་ཁྲིད་བྱ་རྒྱུ་གཞི་ཚུགས་ས་དང་ཤུགས་རྒྱག་གཞིར་བརྩི་བ་དང་། སྤྱི་ཚོགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པས“རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། གསར་གཏོད་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།