འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་མདོ་ལ་རིང་མོའི་མཚོ་སྔོན་ས་ཁོངས་ནས་གསའ་ལ་པར་ཐེངས་251བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོར་མདོ་ལ་རིང་མོའི་མཚོ་སྔོན་ས་ཁོངས་ནས་གསའ་ལ་པར་ཐེངས་251བརྒྱབ་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་རྩ་ཆེ་ལ་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འབོར་ཆེན་ཞིག་ཐོན་པ་དེས་མདོ་ལ་རིང་མོའི་སྣོད་བཅུད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད་ཅེས་བཤད།
         ད་ཐེངས་ཀྱི་གསའ་གཙོ་བོར་བྱས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་ལས་དོན་ནི་ཀྲུང་གོ་ནགས་ཚལ་ཚན་རིག་ཁང་ནགས་ཚལ་ཁོར་ཡུག་སྲུང་སྐྱོང་སུའོ་དང་། པེ་ཅིང་ནགས་ལས་སློབ་ཆེན། མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཉམ་དུ་སྤེལ་བ་དེ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཐུན་སྒྲིལ་རི་བོ་དང་གཙང་གསུམ་ཆུ་འགོ་སོགས་ས་ཁོངས་ཚུད་པའི་སྤྱི་ལེ་ངོས་གྲུ་2000གི་མདོ་ལ་རིང་མོའི་རི་ཁུལ་དང་འབྲེལ་བ་ཡོད།
         མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧན་ཆང་གིས་ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་རིང་དམར་ཕྱིའི་འོད་ཀྱི་པར་ཆས་154དང་པར་ཆས་དཀྱུས་མ་37སྒྲིག་སྦྱོར་བྱས་པར་གསའ་ཡི་པར་དང་བརྙན་ལམ་251བརྒྱབ་ཡོད། “དེའི་ནང་གསའ་ཕྲུག་5དང་ན་ལོན་གསའ་4མཉམ་དུ་པར་བརྒྱབ་པ་དེ་མིག་སྔར་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་རིང་མཐོང་དཀོན་པ་ཞིག་རེད”ཅེས་ངོ་སྤྲོད་བྱས།
         བརྟག་ཞིབ་བྱེད་རིང་དམར་ཕྱིའི་འོད་ཀྱི་པར་ཆས་ནས་ད་དུང་བདག་ཏུ་མ་བཟུང་བའི་གཅན་གཟན་རིགས་23དང་བདག་ཏུ་མ་བཟུང་བའི་འདབ་ཆགས་རིགས་54པར་ཐེབས་པ་དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བདག་ཏུ་མ་བཟུང་བའི་སྲུང་སྐྱོང་སྲོག་ཆགས་གསའ་དང་རྐྱང་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གཡི་དང་། དྲེད་མོང་། གནའ་བ་སོགས་རིགས་བཅུ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།