འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཞིང་འགན་གཙང་མུའུ་ཁྲི་500ཡི་དབང་ཆ་གཏན་འཁེལ་ལས་དོན་བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ལོ་མཇུག་བར། བོད་ལྗོངས་སུ་རྨོ་ཞིང་འགན་གཙང་གི་དབང་ཆ་ཐོབ་པའི་དུད་ཚང་ཁྲི་37.9ཟིན་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་504ཟིན་ནས་ས་ཞིང་འགན་གཙང་དབང་ཆ་གཏན་འཁེལ་ལས་དོན་གྱི་ལས་འགན་གཙོ་བོ་རྩ་བའི་ཆ་ནས་བསྒྲུབས་ཟིན་པ་ལས། བོད་ཀྱི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད།
         གསར་འགོད་པས་ཚེས28ཉིན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་ས་ཞིང་འགན་གཙང་གི་དབང་ཆ་གཏན་འཁེལ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.3བཏང་བ་དང་དབང་ཆ་གཏན་འཁེལ་བྱེད་མཁན་གྱི་ལས་དོན་མི་སྣ་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་པར་བརྟེན་གོང་འོག་མཉམ་མཐུད་ཀྱི་དབང་ཆ་གཏན་འཁེལ་གྱི་རྣམ་པ་ཞིག་གྲུབ་ཡོད། དེ་དང་ཆབས་ཅིག་ཟླ་བ་བཅུ་ལྷག་ཙམ་རིང་ཐོ་བཀོད་ལས་དོན་ཧུར་ཐག་སྤེལ་བའི་ནང་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ལྟ་སྐུལ་ཞིབ་བཤེར་ཐེངས་3200ལྷག་ཙམ་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས། འདི་ལོ་གྲངས་གཞི་བསྡུ་སྒྲིལ་བྱས་ཏེ་མཛོད་བཟོས་ནས་འབྲེལ་ཡོད་གྲངས་གཞི་མཉམ་འབྲེལ་མཉམ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན། ཞིབ་བཤེར་རྩིས་ལེན་དང་གྲངས་གཞི་མཉམ་བསྡུས་ཀྱི་རྨང་གཞིའི་ཐོག་འགན་གཙང་གི་གན་རྒྱ་འཇོག་པ་དང་། ཐོ་འགོད་དེབ་བཟོ་བ། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་བསྒྲུབ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།