འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སོ་སོའི་རིན་གོང་ཏུན་རེར་
    སྒོར་190རེ་དང་སྒོར་185རེ་བཅག་པ་བརྡ་ཐོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་2018ལོའི་ཟླ་2ཚེས་28ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སོ་སོའི་རིན་གོང་ཏུན་རེར་སྒོར་190རེ་དང་སྒོར་185རེ་བཅག་ཡོད་པ་རེད།
         བརྡ་ཐོའི་ནང་ཀྲུང་གོའི་རྡོ་སྣུམ་དང་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི། ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སི་བཅས་ཀུང་སི་ཆེན་པོ་གསུམ་གྱིས་སྣུམ་གྲུབ་མ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཚོང་རའི་མཁོ་འདོན་བརྟན་པོ་ཡོང་བ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། རིམ་ཁག་རིན་གོང་གཙོ་གཉེར་སྡེ་ཁག་གིས་ཁྲོམ་རར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། འཛད་སྤྱོད་པས་12358རིན་གོང་ལྟ་སྐུལ་དོ་དམ་ལས་སྟེགས་བརྒྱུད་ནས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་ཆོག་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།