འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་ལས་རིགས་ཀྱི་བདེ་ཐང་ཁྲིམས་སྐྱོང་ལོའི་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས་2018ལོར་རྒྱལ་ཡོངས་སུ་ལས་རིགས་ཀྱི་བདེ་ཐང་ཁྲིམས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། རིམ་ཁག་བདེ་འཇགས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་སྡེ་ཚན་གྱིས་གཤམ་གསལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ཧུར་ཐག་བྱ་རྒྱུ་སྟེ། ལས་སྒྲུབ་བྱ་ཡུལ་དུ་ལས་རིགས་ནད་ཀྱི་ཉེན་ཁའི་རང་བཞིན་ཚད་གཞི་ལས་ཚབས་ཆེན་བརྒལ་མོད། འོན་ཀྱང་ནུས་ལྡན་གྱི་འདུ་འགོད་དམ་ཡང་ན་ཁེར་རྐྱང་གི་འགོག་སྲུང་བྱེད་ཐབས་སྤྱད་མེད་རིགས་དང་། ལས་སྒྲུབ་བྱ་ཡུལ་དུ་ལས་རིགས་ནད་ཀྱི་ཉེན་ཁའི་རང་བཞིན་ཚད་གཞི་ལས་ཚབས་ཆེན་བརྒལ་མོད། འོན་ཀྱང་ལས་རིགས་ནད་ཀྱི་ཉེན་ཁའི་རྣམ་གྲངས་ཀྱི་རེ་འབུལ་ཞུས་མེད་རིགས། ལས་སྒྲུབ་བྱ་ཡུལ་དུ་ལས་རིགས་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཐད་དུས་བཀག་ལྟར་ཞིབ་བཤེར་ཚད་འཇལ་བྱས་མེད་རིགས། གཏན་འབེབས་ལྟར་ངལ་རྩོལ་པ་སྒྲིག་འཛུགས་བྱས་ནས་ལས་རིགས་ཀྱི་བདེ་ཐང་ཞིབ་བཤེར་བྱས་མེད་རིགས་བཅས་ཡིན་པ་རེད།
         རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། ད་ཕན་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་ལས་རིགས་བདེ་ཐང་གི་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་ལས་རིགས་ནད་འགོག་བཅོས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་། ཁེ་ལས་ཁ་ཤས་ཀྱི་ལས་རིགས་ནད་ཀྱི་ཉེན་ཁ་འགོག་བཅོས་བྱེད་པའི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་། ལས་རིགས་ཀྱི་ནད་ཐོན་ཚད་མང་བ། ལས་རིགས་བདེ་ཐང་གི་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ཁྲིམས་སྐྱོང་ནན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།