འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།《ང་ཡི་རྒྱལ་ཁབ་ངོ་མཚར་ཆེ་》ཞེས་པའི་གློག་བརྙན་པར་ཕུད་བསྟན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན། པེ་ཅིང་དུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཀྲུང་གོ་གློག་བརྙན་མ་རྐང་ཚད་ཡོད་ཀུང་སིས་མཉམ་དུ་བཏོན་པའི་དངོས་བཤུས་གློག་བརྙན་ཆེ་གྲས་《ང་ཡི་རྒྱལ་ཁབ་ངོ་མཚར་ཆེ་》ཞེས་པའི་པར་ཕུད་སྟོན་པའི་མཛད་སྒོ་གཉེར་ཞིང་། དངོས་བཤུས་གློག་བརྙན་དེས་འོད་བརྙན་སྒྱུ་རྩལ་རྣམ་པའི་ཐོག་ནས་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། བླ་ན་མེད་པའི་སྤྱོད་བཟང་མངོན་པར་བྱས་ཤིང་། དེ་ནི་དུས་རབས་ཀྱི་འབོད་སྒྲར་བསྟུན་པ་དང་། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་ལག་ལེན་གཏིང་ཟབ་མངོན་པ། བརྙན་ཡོལ་ཆེན་པོའི་ཐོག་ནས་མེས་རྒྱལ་གྱི་འཕེལ་རྒྱས་དང་གྲུབ་འབྲས་མངོན་པའི་དངོས་བཤུས་གློག་བརྙན་ཆེ་གྲས་ཤིག་ཡིན། གློག་བརྙན་དེ་ཟླ་3ཚེས་2ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོའི་མི་དམངས་ཚོས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག གསར་འབྱེད། མཉམ་སྤྱོད་བཅས”ཀྱི་འཕེལ་རྒྱས་འདུ་ཤེས་གསར་པའི་ཐོག་ནས་འབད་འཐབ་ཧུར་ཐག་དང་འབད་འབུངས་ཡར་བརྩོན་བྱས་པས། རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གློག་བརྙན་དེའི་ནང་ཀྲུང་གོའི་ཟམ་པ་དང་། ཀྲུང་གོའི་གཞུང་ལམ། ཀྲུང་གོའི་འཁོར་རིགས། ཀྲུང་གོའི་གྲུ་ཁ། ཀྲུང་གོའི་དྲ་བ་བཅས་སྤྱིར་བཏང་མིན་པའི་ལས་གྲྭ་ཆེན་པོ་ཁག་བཀོད་ཡོད་པ་མ་ཟད། ད་དུང་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཆེ་ཤོས་FASTདང་། གོ་ལ་ཧྲིལ་པོའི་མཚོ་ཐོག་ཁྲོན་པ་འབིགས་པའི་ལས་སྟེགས་ཆེ་ཤོས“ལན་ཅིང་རྟགས་ཅན་ཨང་གཉིས་པ”འཕྱོ་སྐྱོད་མེ་འཁོར་ཞིབ་འཇུག་གསར་སྤེལ། 5Gལག་རྩལ་སོགས་བཀོད་ནས་མི་རྣམས་དུས་རབས་གསར་པའི་ལམ་ཚད་རྡོ་རིང་ལྟ་བུའི་ཚན་ཞིབ་གྲུབ་འབྲས་མྱོང་རོལ་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད། ཕུགས་བསམ་མངོན་འགྱུར་འདུ་འགོད་ནས་ཚན་རྩལ་གསར་གཏོད་བར་དང་། ལྗང་མདོག་ཀྲུང་གོ་ནས་འབྱོར་འབྲིང་མཉམ་སྤྱོད་བར་གློག་བརྙན་དེས་མི་སེམས་ལ་གཡོ་འགུལ་ཟབ་མོ་ཐེབས་པའི་ནང་དོན་བསྟན་པ་དང་ཆབས་ཅིག་དེའི་རྒྱབ་ངོས་ཀྱི་གཏམ་རྒྱུད་ཀྱང་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཡོད།
         མི་དམངས་ཀྱི་འཚོ་བ་ཡག་པོ་ཡོང་བ་དེ་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་འབྱོར་ཕྱུག་དང་ཁ་བྲལ་ཐབས་མེད་ལ། རྒྱལ་ཁབ་ཀྱི་གྲུབ་འབྲས་གལ་ཆེན་རེ་རེར་རྒྱལ་ཡོངས་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད། “རྒྱལ་ཁབ་ཆེན་པོ”དང“ཁྱིམ་ཆུང”དབར་འབྲེལ་བ་ཟབ་པ་དང་ཕན་ཚུན་ཁ་བྲལ་ཐབས་མེད། གློག་བརྙན་གྱི་མཇུག་གི་ཆ་ཤས་ནང“ཁྱིམ་ཆུང”གི་ལྟ་ཕྱོགས་ནས་མི་སེར་དཀྱུས་མའི་འཚོ་བའི་འགྱུར་ལྡོག་བརྗོད་པ་དང་། གཞི་རིམ་གྱི་དབུལ་སྐྱོར་ལས་དོན་མི་སྣའི་འཚོ་བའི་གནས་ཚུལ་ནས་འཛམ་གླིང་ཐོག་གི་མི་བཟོས་ནགས་ཚལ་ཆེ་ཤོས་སྐྲུན་མཁན་མི་རབས་གསུམ་པོ་དང་། དུད་ཚང་དུ་སྐྱོད་པའི་ལས་དོན་ཡག་པོ་སྤེལ་མཁན་བདེ་འཇགས་དོ་དམ་པ། ཁྱིམ་གཞིས་དང་རྒྱལ་ཁབ་སྲུང་མཁན་ཟིལ་རྔམས་ལྡན་པའི་དཔུང་སྡེ་བཅས་ཀྱི་བར། རང་རྒྱལ་གྱི་དབུལ་སྐྱོར་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། སྨན་བཅོས་འགན་ལེན། རྒྱལ་ཁབ་བདེ་འཇགས་སྒྲིག་སྲོལ་སོགས་ཕྱོགས་ཁག་ལ་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་གསོན་ཉམས་དོད་པོས་བཀོད་པ་དེ་ལས་ཀྲུང་གོའི་མི་དམངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱང་སྐྱོད་ལམ་བུའི་ཐོག་གི་རླབས་ཆེན་འབད་འཐབ་གང་ལེགས་མངོན་པ་དང་། བདེ་སྐྱིད་ལྡན་པའི་དམངས་འཚོའི་བརྗིད་ཆེའི་རི་མོའི་ཤོག་དྲིལ་ཕྱེ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།