འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣར་དྲན་རྟེན་གཟེངས་
    རྟགས་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་པེ་ཅིང་དུ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ཁག་གཅིག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་ཁག་དང་པོ་དང་ཁག་གཉིས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་འཐུས་མིར་བོད་སྐྱོར་དྲན་རྟེན་གཟེངས་རྟགས་སྤྲད་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལག་བསྟར་བྱས་ཚུན། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་པུའུ་ཨུད་ཀྱི་སྐུལ་སྤེལ་ཤུགས་ཆེན་འོག་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཚན་པ་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད། ཉེ་བའི་ལོ་གསུམ་རིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཤེས་ལྡན་མི་སྣས་བློ་རིག་དང་། སེམས་ནུས། རྔུལ་ཆུ་བཅས་ལ་བརྟེན་ནས“1+7”སྨན་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད།
          སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུས་ཉམས་མྱོང་བཟང་པོ་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་བོད་ལྗོངས་ལ་ས་གནས་དེ་རང་གི་ཕུལ་བྱུང་རྐང་འཛིན་སྨན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་རྒྱུ་མིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
      

    ཕྱོགས་བསྡུས་གསར་འགྱུར།