འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས་ནུབ་རྒྱུད་ཚན་རིག་གླིང་དང་པོ་དེ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ཚན་རིག་ཁང་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་དབར་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཀྲུང་གོ་ཚན་རིག་ཁང་ཤིས་ཨན་ཚན་རིག་གླིང་མཉམ་སྐྲུན་བྱ་རྒྱུ་ཡིན་པ་དེ་ནི་ཀྲུང་གོ་ཚན་རིག་ཁང་གིས་ནུབ་རྒྱུད་ས་ཁུལ་དུ་བསྐྲུན་རྒྱུའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་གླིང་དང་པོ་དེ་ཡིན་པས་2020ལོར་རགས་ཙམ་བསྐྲུན་ཟིན་རེ་ཡོད་པ་རེད།
         ཀྲུང་གོ་ཚན་རིག་ཁང་ཤིས་ཨན་ཡན་ལག་ཁང་གི་ཡོན་ཀྲང་ཀྲའོ་ཝེས་ཤིས་ཨན་ཚན་རིག་ཁང་གི་འཆར་འགོད་འཛུགས་སྐྲུན་ས་ཆ་སྤྱི་ལེ་ངོས་གྲུ་5ཟིན་པ་དང་ས་ཆ་དེ་ཤིས་ཨན་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་བདམས་ཡོད། དུས་ཐེངས་དང་པོའི་འཆར་འགོད་འཛུགས་སྐྲུན་གྱི་ས་ཆ་མུའུ་3000དེ་དག་ཚན་རྩལ་གསར་གཏོད་ཁུལ་བསྐྲུན་རྒྱུ་དང་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་རྟེན་གཞི་དང་། སྔོན་ཐོན་ལག་རྩལ་ཞིབ་སྤེལ་རྟེན་གཞི། མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་བཅས་བསྐྲུན་རྒྱུ་རེད། དུས་ཐེངས་གཉིས་པའི་འཆར་འགོད་འཛུགས་སྐྲུན་གྱི་ས་ཆ་མུའུ་4500དེ་དག་ཏུ་ཐོན་ལས་ཕྱོགས་སྒྱུར་སྐྱེད་སྲིང་ཁུལ་བསྐྲུན་རྒྱུ་དང་འོད་གློག་ཆ་འཕྲིན་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། རྒྱུ་ཆ་གསར་པ། དམངས་འཚོའི་བདེ་ཐང་། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ནས་ཚན་རིག་ལག་རྩལ་མཐོ་བའི་གསར་གཏོད་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          གྲོས་མཐུན་གཞིར་བཟུང་། ཚན་རིག་ཁང་དེས་ཀྲུང་གོ་ཚན་རིག་ཁང་གི་སའི་གོ་ལའི་ཁོར་ཡུག་ཞིབ་འཇུག་སུའོ་ཡི་གླིང་གསར་པ་དང་། ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་དུས་བརྡ་གཏོང་བའི་ལྟེ་གནས་ཀྱི་ཚན་ཞིབ་ཁུལ། ཀྲུང་གོ་ཚན་རིག་ཁང་ཤིས་ཨན་འོད་རིག་འཕྲུལ་ཆས་ཞིབ་འཇུག་སུའོ་ཚན་རིག་གསར་གཏོད་ཁུལ་སོགས་གཙོ་གནད་དུ་བསྐྲུན་ནས་ཀྲུང་གོ་ཚན་རིག་ཁང་གི་ཧྲའན་ཤིས་སུ་ཡོད་པའི་སྒྲིག་གཞི་དང་ཧྲའན་ཤིས་ཞིང་ཆེན་ཚན་རིག་ཁང་སོགས་ཚན་ཞིབ་སྒྲིག་གཞི་མཉམ་འཛོམས་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་ཚན་ཞིབ་སྒྲིག་གཞི་ཀྲུང་གོ་ཚན་རིག་ཁང་ཤིས་ཨན་ཚན་རིག་གླིང་དུ་བཅའ་སྡོད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་ཆུ་ཚད་མཐོ་བའི་ཚན་ཞིབ་སྒྲིག་གཞི་ཁག་གཅིག་ནང་འདྲེན་དང་མཉམ་ལས་བྱས་ཏེ་བསྐྲུན་ཐོག་རྒྱལ་སྤྱིའི་ཚན་ཞིབ་སྒྲིག་གཞི་རྩེ་གྲ་མཉམ་འཛོམས་ཁུལ་ཆགས་པ་བྱ་རྒྱུ་རེད། གཞན་ཡང་གླིང་དེས་ད་དུང་གཞི་ཁྱོན་ཆེ་བའི་ཚན་རིག་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འགངས་ཆེན་ཁག་གཅིག་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་རྒྱུ་དཔེར་ན། སྤུས་ཚད་མཐོ་བའི་ས་སྟེང་གི་དུས་བརྡ་གཏོང་བའི་མ་ལག་སོགས་དང་། སྨན་སྤྱོད་ཀྱི་ལྕི་བའི་གྱེས་རྡུལ་ཚ་འདེད་ཡོ་ཆས། ནུབ་རྒྱུད་རྒྱུ་རྡུལ་(སྨན་བཅོས)ལྟེ་གནས་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།