འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་དཔུང་ཁག་གི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲིང་རྒྱུག་དང་རྒྱང་རྒྱུག་རྣམ་གྲངས་ཀྱི་འགྲན་རྩལ་ཆེ་རུ་གཏོང་ཆེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་ལྗོངས་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གི་སྟོབས་རྒྱལ་སོགས་ལུས་རྩལ་པ་13ཉེ་ཆར་ཨེ་ཙེ་ཨོ་ཕི་ཡར་དགུན་དུས་སྦྱོང་བརྡར་ཉིན་64བྱེད་པར་མངགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འབྲིང་རྒྱུག་དང་རྒྱང་རུ་ཁག་གིས་ཕྱི་རྒྱལ་གྱི་སྦྱོང་བརྡར་ཆ་རྐྱེན་བཟང་པོ་དང་སྔོན་ཐོན་གྱི་སྦྱོང་བརྡར་བྱེད་སྟངས་ལ་བརྟེན་ནས་ཕྱི་རྒྱལ་གྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་དང་སྤེལ་རེས་སྦྱོང་བརྡར་དང་རྩལ་འགྲན་བྱེད་པ་དང་ཆབས་ཅིག དགེ་མཚན་ལྡན་པའི་རུ་ཁག་ལ་སློབ་སྦྱོང་བྱས་ཏེ་བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་རྩལ་སྔར་བས་ཆེ་རུ་བཏང་ནས་2018ལོའི་རྒྱལ་སྤྱི་རྒྱལ་ནང་གི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་རྣམ་གྲངས་ཁག་དང་དེ་བཞིན་སྐབས་རྗེས་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།